Appearance
Appearance
༈ རྗེ་བཙུན་མི་ལ་རས་པའི་ཞལ་གདམས།
米拉日巴尊者
དགེ་དང་མི་དགེའི་ལས་རྣམས་ལ། །རྒྱུ་འབྲས་ཡང་དག་མ་བསམས་ན། །
ངན་སོང་སྡུག་བསྔལ་མི་བཟོད་པས། །ཕྲ་ཞིང་ཕྲ་བའི་རྣམ་སྨིན་ལ། །
བག་ཡོད་དྲན་པས་ཟིན་ཀྱང་འཚལ། །
于诸善恶业,
不思业果理,
恶趣苦难忍,
故于异受果,
当依念知心。
འདོད་ཡོན་སྐྱོན་དུ་མ་བལྟས་ཤིང་། །ཞེན་པ་ནང་ནས་མ་ལོག་ན། །
འཁོར་བའི་བཙོན་ར་མི་སྒྲོལ་བས། །ཐམས་ཅད་སྒྱུ་མར་ཤེས་པའི་བློས། །
ཀུན་འབྱུང་གཉེན་པོ་བསྟེན་ཡང་འཚལ། །
不见妙欲过,
于内不厌烦,
不度轮回狱,
了知皆虚幻,
当解集圣谛。
འགྲོ་དྲུག་དྲིན་ཅན་ཕ་མ་ལ། །བྱས་པ་དྲིན་དུ་མི་བཟོ་ན། །
ཐེག་པ་དམན་པར་གོལ་བའི་སྐྱོན། །དེ་ཕྱིར་བརྩེ་བ་ཆེན་པོ་ཡིས། །
བྱང་ཆུབ་ལམ་ལ་བསླབ་ཀྱང་འཚལ། །
有情父母恩,
若是不报答,
误入劣乘中,
故以大悲心,
当学菩萨道。