Appearance
Appearance
༄༅། །རང་སྐྱོན་ལྟ་བའི་མེ་ལོང་ཞེས་དང་གསུང་སྒྲོས་བདུད་རྩིའི་ཕྲེང་བ་ཞེས་ཀྱང་བྱ་བ་བཞུགས་སོ།།
甘露鬘教言
大成就者岭钦日巴
བླ་མ་དམ་པ་རིན་པོ་ཆེ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།།
顶礼皈依诸殊胜上师宝!
ཁམས་གསུམ་མ་ལུས་ཀུན་ཏུ་ཁྱབ་པ་རྡོ་རྗེའི་སྐུ། །
དེ་ཉིད་ལས་བྱུང་ཐུགས་རྗེའི་ཕྲིན་ལས་རྣམ་པར་དག་པ་ཡིས། །
ལམ་ཞུགས་སྒྲུབ་པོའི་ཚོགས་རྣམས་ཡོན་ཏན་རབ་རྒྱས་ཤིང་། །
རྟོག་བཅས་བྱིས་པ་སྐྱེ་བོའི་ཚོགས་རྣམས་མྱུར་དུ་རྒྱལ་གྱུར་ཅིག །
遍满三界无遗金刚身,
由此显现大悲净业故,
圆满一切成就者功德,
祈愿一切凡夫速成佛。
གང་ཞིག་བྱིན་རླབས་རྟ་བདུན་བརྗིད་པའི་འོད་ལྟར་རབ་འབར་བས། །
བདག་སོགས་མ་ལུས་བློ་མུན་བསལ་ནས་སེམས་ཉིད་དྭངས་པ་ཡི། །
རྒྱ་མཚོ་ཆེ་ལས་སངས་རྒྱས་ཡོན་ཏན་པདྨགཞོན་ནུའི་ཚལ། །
རབ་ཏུ་རྒྱས་གྱུར་གང་ཡིན་དེ་ལ་གུས་པས་ཕྱག་འཚལ་བསྟོད། །
凡彼加持犹如日光照,
去除心暗获得清净心,
如海诸佛功德莲花池,
何者增长功德敬礼赞。
དེ་ཡི་བཀའ་དྲིན་རྗེས་དྲན་ནས། །
བདག་བློ་རྨུ་རྒོད་ལྟ་བུ་འདི། །
ཡང་དག་ལམ་དུ་ཞུགས་པའི་ཕྱིར། །
གྲོས་འདེབས་བདུད་རྩིའི་ཕྲེང་བ་བྲི། །
随念彼恩德,
难调吾之心,
为入清净道,
劝著甘露鬘。
འོ་སྐོལ་དལ་འབྱོར་གྱི་མི་ལུས་ཐོབ།བཀའ་བརྒྱུད་ཟབ་དགུ་ནི་བདམ་དུ་བྱུང་།བླ་མ་དམ་པ་སངས་རྒྱས་ལྟ་བུ་རྣམས་ཀྱིས་ནི་རྗེས་སུ་བཟུང་།སྐྱབས་འགྲོ་སེམས་བསྐྱེད་དང་དབང་བྱིན་རླབས་རྣམས་ནི་རིམ་པ་བཞིན་དུ་ཐོབ།བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྤྱན་སྔར་དམ་ཚིག་དང་སྡོམ་པ་རྣམས་ནི་ཁས་བླངས།མདོ་རྒྱུད་དང་བསྟན་བཅོས་རྣམས་ལ་ནི་ལྟ་བ་དང་ཉན་པར་བྱས།ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་རྣམས་ནི་ཞུས།དགེ་བཤེས་དང་།སྟོན་པ་དང་།སྒོམ་ཆེན་དང་།རྣལ་འབྱོར་པ་ལ་སོགས་པར་ནི་ཁས་བླངས་ཤིང་མིང་བཏགས་ནས།ཚེ་འདི་ལས་བློ་ཡེ་མ་ལྡོག་པར་འདུག་པ་སོམས་དང་།
我们虽然已获得暇满的人身,可任意选择各种噶举之甚深窍诀,已被真佛般的诸殊胜上师摄受,以次第获得了皈依、发心、灌顶及加持,在上师与诸坛城本尊前接受了戒律和誓言,听闻和阅读了个别的显密经续及论著,也得到诸多口耳相传的甚深窍诀,而且取得了格西、导师、禅师、瑜伽士等名号。但是,我们根本没有回心转意,而依旧贪著今世,所以,对此应当反省再反省。
འོ་སྐོལ་ནི་གྲགས་པ་ཅི་སྙན།རྙེད་པ་ཅི་ཆེ།འཁོར་ཅི་མང་།བསོད་ནམས་ཅི་སྐྱེ།ང་རང་མ་ཡིན་པ་གཞན་གཅིག་ཀྱང་མེད་པ་ཞིག་བྱ་དགོས་སྙམ་ནས།སྐྱེས་བུ་དམ་པ་རྣམས་ཀྱི་སྐྱོན་བགྲང་།ངན་སྨྲས་ཟུར་ཟ་གཏོང་ཞིང་།ཐེག་པ་ང་ཆེ།ཆོས་ང་མཁས།གདམས་ངག་ང་ཆེ།སྒོམ་ང་བཟང་།ངས་དཀའ་བའི་ལས་འདི་ཙམ་བྱས་པ་ཡིན་ཟེར་ཞིང་།རང་བསྟོད་དང་རང་སྒྲུབ་འབའ་ཞིག་ཏུ་འདུག་པ།ཞེ་འདོད་དེ་ལྟ་བུ་ཞིག་ཁོང་ན་ཡོད་ན།ཐེག་པ་ཆེན་པོ་དང་ཨ་ཅང་ཡང་ཆེ་སྟེ།ཉན་ཐོས་ཀྱི་སར་ཡང་མི་འགྲོ།འཇིག་རྟེན་པ་དང་ཁྱད་མི་འདུག་པ།དེ་ལྟར་བགྱིས་པའི་ཆོས་ག་ན་མཆིས།ཆོས་མཁས་པ་དང་།གདམས་ངག་ཆེ་བའི་དགོས་པ་ཉོན་མོངས་པའི་གཉེན་པོར་འགྲོ་དགོས།རྒྱུད་ལ་ཡོན་ཏན་སྐྱེ་དགོས།སྨན་པ་མཁས་ན་ནད་པ་འཚོ་དགོས་པ་ཡིན་པས།ཞེ་འདོད་ཐམས་ཅད་བློ་ཡིས་གཏིང་ནས་གཏོང་དགོས།
我们贪图名声、贪图利益、贪图眷属、贪图福报。除了自己,且容不下任何人的好处,说诸圣贤的过失,恶语讽刺他人,还说“我是大乘者、我精通佛法、我有最殊胜的窍诀、我最善长禅修、我做了如何如何的苦修等。”这全是自吹自擂的言语。
若心中有如此之念头,不要说是大乘者,其实连小乘都算不上,这与世间人没有什么区别,修学佛法哪有这样的?
所精通的佛法,殊胜的窍诀,应当要成为对治烦恼的方法,并于相续中生起功德,即如同医生有高超的医术要治好病人一样。因此,应当从内心深处彻底舍弃一切贪执。
དེ་ཐམས་ཅད་ལ་སྙིང་པོ་མེད་པ་ཆ་མེད་དམ།ཆེད་དུ་བསྒྲུབས་པའི་གྲགས་པ་ནི་ནམ་མཁའི་འབྲུག་དང་འདྲ་སྟེ་ཡལ་ནས་འགྲོ།སེར་སྣས་བསགས་པའི་ནོར་རྫས་དབུལ་པོའི་ནོར་དང་འདྲ་སྟེ་འཛད།རང་གི་ཞེ་འདོད་ཀྱིས་འཁོར་བསྐྱངས་ཀྱང་དྲིན་ཚུར་ལ་འདྲེན་དུ་འོང་།ཟང་ཟིང་གི་ནོར་རྫས་ཡོད་ཀྱིན་ཇེ་ཕོངས་ཇེ་དགོས་ལ་འགྲོ།ཚེ་འདིའི་སྐྱིད་སྡུག་གཉིས་འཆི་ཀའི་ནངས་པར་རྨི་ལམ་བརྗེད་པ་བཞིན་དུ་འགྲོ།འཚོ་བའི་ཟས་ཞིམ་མི་ཞིམ་གཉིས་ཀྱང་མི་གཙང་བའི་གསེབ་ཏུ་འགྲོ་བ་བཞིན།གོས་བཟང་པོ་ཡང་སྡུག་བསྔལ་གྱི་རྒྱུར་འགྲོ་བར་གདའ་བ།
难道你还不知道吗?这一切都没有任何实际意义,特意建立起来的名声如同天空中的雷声,很快会消失;因吝啬而积累下来的财物如同穷人的财富,随时都会耗尽;自己最贪爱的眷属,到头来也会反目成仇、恩将仇报;即便拥有不少的财富,但没有知足的时候,越有越贪,贪无止境。
今世无论是痛苦还是快乐,在死亡到来时如同昨夜的梦境一样都会忘记。生活中的食物,所谓好吃的,不好吃的,结果都会变成不净之物。同样,所谓美衣也会变成痛苦之因。
སྙིང་ཐག་པ་ནས་ཆོས་ཤིག་བྱེད་ན།རྙེད་པ་ལ་དགའ་བ་མེད།མ་རྙེད་པ་ལ་མི་དགའ་བ་མེད།གྲགས་པ་ལ་དགའ་བ་མེད།མ་གྲགས་པ་ལ་མི་དགའ་བ་མེད།དེ་བཞིན་དུ་བདེ་སྡུག་བསྟོད་སྨད་ལ་དགའ་མི་དགའ་མེད་པ་ཞིག་དགོས།གཉེན་པོའི་ཆོས་མ་ལུས་པ་ཐམས་ཅད་ཧྲིལ་གྱིས་དྲིལ་ནས་ཆོས་བརྒྱད་ཀྱི་སྟེང་དུ་གཏོང་དགོས།ལྟོགས་སམ་འཁྱགས་པས་ཤི་ཡང་རུང་།བླ་ན་མེད་པའི་བྱང་ཆུབ་གཏོང་རེ་སྙམ་པ་ཞིག་དགོས་པ་ལ།འོ་སྐོལ་ནི་གཙོ་བོར་ལྟོ་རྒྱབ་གཉིས་བསྒྲུབ་ཅིང་།འདི་གཉིས་ང་ལ་མེད་པའི་ཐབས་མེད།དེའི་ཞོར་ལ་ཆོས་བྱ་སྙམ་པར་འདུག་པ།
如果诚心修行佛法,应当如此修持:既对“利益”无有开心,亦对“衰败”无不开心;既对“赞誉”无有开心,亦对“毁谤”无不开心;既对“称赞”无有开心,亦对“讥讽”无不开心;既对“安乐”无有开心,亦对“痛苦”无不开心。就这样把所有的对治法都用在对治世间八法上。
无论是饿死还是冻死,绝不放弃修持阿耨多罗三藐三菩提,应当要有如此之坚定决心。但我们把吃和穿当成最重要的事情,便认为在生活中吃饭和穿衣是不可或缺的,而佛法则是顺便修行就可以。
རྒྱགས་ཆད་དམ།གོས་ངན་ནམ།གཞན་ལ་སྦྱིན་རྒྱུ་མེད་པ་ལ་ངོ་ཚ།འཕྱ་འོང་སྙམ་ན།ཁོང་ན་ང་རྒྱལ་དང་ཁེངས་དྲེགས་ཡོད་པའི་རྟགས་ཡིན།ཆོས་པ་བྱ་བ་གོས་བཟང་ན་ངོ་ཚ།ཞིམ་ལྟོ་བྱེད་ན་ངོ་ཚ།ནོར་རྫས་ཆེ་ན་ངོ་ཚ།དཔའ་ལོ་དང་སྒེག་ཆོས་ཆེ་ན་ངོ་ཚ་བ་ཡིན།ཆོས་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན།དམ་ཉམས་ཀྱི་སྤྱོད་པ་བྱེད་ན་ངོ་ཚ་བ་ཡིན།དམ་པ་རྣམས་ཀྱི་སྤྱོད་ལམ་དང་མི་མཐུན་པ་བྱེད་ན་ངོ་ཚ་བ་ཡིན།ཆོས་གཤའ་མ་ཞིག་བྱེད་ན་དམན་པའི་ས་བཟུང་།ཧྲུལ་པོའི་གོས་གྱོན་ནས་རི་ཁྲོད་ཀྱི་ལུང་སྟོང་འགྲིམ་དགོས།གྱོང་ལྟོ་གོས་ལ་བསྐུར་དགོས།བླ་མ་དཀོན་མཆོག་ལ་བློ་ལྷན་རྩེར་བཀལ་ནས་ན་ན་ཡང་ཁྱི་ན་བ་ལྟར་འཇོག་དགོས།ཤི་ན་ཡང་ཁྱི་ཤི་བ་ལྟར་འཇོག་དགོས།ཉེ་བ་དང་འབྲེལ་པ་རྣམས་ཀྱིས་ཀྱང་།དེ་དང་ཁྱི་ཤི་བ་ལ་ཁྱད་ཅི་ཡོད་ཟེར་བ་ཞིག་དགོས།རང་གི་དགེ་སྦྱོར་ཅི་འཕེལ་མ་གཏོགས་པ་ཕ་མའི་ངོ་སྲུང་ཡང་མི་བྱེད་པ་ཞིག་དགོས།
如果因为饮食短缺、衣服破烂、没有礼物赠送他人而感到羞耻,觉得自己没有面子,这说明内有傲慢之心。
真正的修行人因衣着奢华而感到羞耻、享用美食而感到羞耻、财务丰足而感到羞耻、姿态奋勇或娇媚而感到羞耻、心行不如法而感到羞耻、违背誓言而感到羞耻、不符合圣贤的威仪而感到羞耻。
如果真的想修持佛法,应该身居低位,身穿破烂衣服,游历深山荒凉处、缺乏衣食而苦修。自己从内心深处完全依托于上师三宝,若是生病就如同流浪狗生病一样,若是死亡亦如流浪狗死亡一样,就连亲朋好友也说他的死与流浪狗的死亡没有什么区别。自己除了精进修行以外,就连父母都不能给予丝毫情面。
སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དང་།རྣལ་འབྱོར་དབང་ཕྱུག་གྲུབ་པ་ཐོབ་པ་རྣམས་ཀྱིས་རྒྱལ་སྲིད་ལ་སོགས་པ་མཆིལ་མའི་ཐལ་བ་བཞིན་དུ་སྤངས་ནས་དཀའ་ཐུབ་དང་དཀའ་སྤྱད་འབའ་ཞིག་མཛད་པས་དོན་གྲུབ་པ་ཤ་སྟག་བྱོན་ནས་གདའ་བ།འོ་སྐོལ་ད་ལྟའི་ཆོས་པ་རྣམས་ནི།བྱས་པ་མེད་པར་རེ་བ་ཆེ།བསྒྲུབས་པ་མེད་པར་འབྲས་བུ་འདོད།ཆོས་པ་བཟང་པོ་བྱ་བ་དང་འཛིན་ཆགས་བྱེད་པ་གཉིས་ཀར་རེ།མི་ཆོས་དང་ལྷ་ཆོས་གཉིས་ཀ་འགྲུབ་ཏུ་རེ།དཀའ་བ་མ་སྤྱད་པར་དངོས་གྲུབ་ཐོབ་ཏུ་རེ།ཆོས་གདམས་ངག་བག་ཙམ་རེ་ཤེས་ཀྱང་ཉམས་སུ་མི་ལེན་པར་གཞན་གྱིས་ཞུ་མི་དང་སློབ་མི་རེ།ཟླ་རེ་ཟླ་གཉིས་བསྡད་ན་མིའི་བསྙེན་བཀུར་རེ།མིས་ཐོས་སུ་རེ།སྒོམ་ཉམས་སམ་ཡོན་ཏན་ཞད་ཙམ་རེ་བྱུང་ཡང་འདི་མི་ལ་ཇི་ལྟར་བྱས་ལ་བསྟན་སྙམ།
过去的诸佛菩萨、瑜伽自在的诸成就者,如同厌恶唾液中的灰尘一般舍弃了王位,而且唯独行持难行之苦修,因而获得了成就。但是如今的我们——这些所谓的修行者,没有什么付出却希望得到回报,没有播种善因还希求善果,而且希望“好修行人”的名号和贪著世俗之物都可同时拥有。又希望佛法和世间法均能成功,没有经过苦修就希望获得成就,仅仅知道少许的佛法窍诀时,自己不持续好好实修,反而希望别人来求学。
就连一两个月的闭关修行,也希望得到他人的恭敬和供养,并希望更多的人耳闻此事,在稍微有点生起修行的觉受和功德时,就开始考虑该如何讲给别人听。
ཆོས་ཐུན་རེ་བཤད་དམ།གཏོར་མ་ཕོར་རེ་བཏང་ངམ།གཞན་དོན་ཞད་ཙམ་རེ་བྱས་ཀྱང་།འདིས་ང་ལ་ཅི་སྟེར་རམ་སྙམ་འདུག་པ།ཆོས་དང་གདམས་ངག་ཞུ་མི་བྱུང་ཡང་ང་རང་གིས་ཀྱང་འདི་ཙམ་ཕུལ་བ་ཡིན།མེ་ཏོག་འདི་ཙམ་འདོད་ཟེར་བར་འདུག་པ།དེ་ནི་ཆོས་བཙོང་བའི་རིན་ཟ་བ་ཡིན་ལ།འོ་སྐོལ་ནི་ཚོང་གཅིག་བྱེད་ཀྱང་རང་རྒྱལ་བར་འདོད།ཟས་གཅིག་ཟ་ཡང་རང་ཆེ་བ་དང་ཞིམ་པར་ཟ་འདོད།ཞག་གཅིག་ཉལ་སར་ཡང་རང་སྐྱིད་སར་ཉལ་འདོད།ཟས་ནོར་དགའ་དགུ་ཐམས་ཅད་རང་ཚགས་བྱ་བར་འདོད།ངན་དགུ་ཐམས་ཅད་མི་ལ་བཏང་བར་འདོད།བླ་མ་དང་དཀོན་མཆོག་ལ་མཆོད་པ་བས་ཀྱང་ནི་རང་གི་ལྟོ་རྒྱབ་དང་ཉེ་འབྲེལ་ལ་སྦྱིན་པ་གལ་ཆེ་བར་བྱེད།དེ་ཡང་ཐུགས་ཟབ་པའམ་བཟོ་བ་རྣམས་ཁ་ལ་མི་འདོད་པ་སྐད་དུ་ཟེར་ནས།ཕུགས་ན་འདོད་པ་བཅུག་ནས་གདའ་བ།
讲一座之法,施一碗食子,或做一点利益他人的事情时都想:不知他会给我供养什么?还有,有人来求学佛法窍诀时,说我曾经供养过多少多少,我也要多少多少等,这是享用贩卖佛法而得来的财物啊!
我们连做一次买卖也希望获利的是自己、吃一餐饭也想吃最大的和最好吃的,哪怕住宿一晚也要睡在最舒适的卧处!
总之,饮食财物等所有好的东西都是为自己而保存,而所有不好的东西就送给别人。
以为与其供养上师三宝,还不如给自己买吃的,买穿的或送给自己的亲朋好友。外表上装作无所需求的样子,其实心里却藏着不可告人的贪欲之心!
འོ་སྐོལ་ནི་སྔ་མ་ཡང་རེ་བ་དང་འདོད་པ་འབའ་ཞིག་གིས་ཕུང་པ་ལགས་ན།འདོད་པ་ལས་བློ་མ་ལོག་པའི་ཆོས་པ་ག་ན་འོང་།ལེགས་པར་སོམས་དང་།སྔ་སའང་གྲོས་མཁས་པ་དང་།མི་ཆོས་བཟོ་བའམ།མི་སེམས་ཟིན་པའམ།ཕོ་བཟོ་མཐོ་བའམ།ཐུགས་ཟབ་པ་ཁོ་ནས་ཕུང་བ་ལགས་ན།འདི་ཕྱི་གཉིས་མཉམ་ཁྲིད་དུ་བྱེད་པ་དེ།འགྲུབ་ལྕོགས་དང་ཆེ་བར་སྣང་སྟེ།རྟ་གཉིས་ཞོན་པས་ཐང་ལ་ལྷུང་བར་མཆིའོ།།
我们过去总是因为过多的期望和贪欲而吃亏。真的要好好想一想,哪有不厌烦贪欲而成为修行者的例子?过去那些所谓的机智勇敢、深得人心、威望显赫、精明能干的人,都是因为自作聪明、自以为是而吃亏。今世与来世之事同时兼办的人看似很完美,但要知道,一个人同时骑两匹马只会落马。
ད་ཕན་ཆོད།ཆོས་དོན་དུ་མི་གཉེར་བའི་མི་དང་བློ་མ་བསྟུན།ལྷན་ཅིག་ཏུ་མ་སྡོད།ཁ་མ་སྨྲ།འོ་སྐོལ་ཐོག་མ་མེད་པ་ནས་དངོས་པོར་འཛིན་པ་ལ་གོམས་པས།གཉེན་པོས་གཅུན་ཡང་མི་ཕན་པར་འདུག་པ་ཆ་མེད་དམ།ཆོས་ལས་ལོག་པ་བྱ་བ་ལ་ནི།ཆ་ལུགས་བོར་མི་དགོས།བློ་ཆོས་སུ་མ་སོང་བ་ལ་ཟེར་བ་ཡིན།འདོད་པའི་ཕྱོགས་སུ་སོང་བ་ལ་ཟེར་བ་ཡིན།རང་ལ་རང་གིས་རྫུན་མ་ཟེར།དུག་མ་བླུད།མིས་ཟེར་བ་ལ་མ་ཉན།རྣ་བ་དང་གྲོས་མ་བྱེད།སྙིང་ཐག་པ་ནས་ཆོས་བྱེད་པའི་གྲོས་ཐམས་ཅད་ཚེ་འདི་བློས་བཏང་བའི་དམ་པ་རྣམས་ལ་དྲིས།གཞན་ཐམས་ཅད་ཀྱིས་ཆོས་བརྒྱད་སློབ་ཏུ་འོང་བ་ཡིན།འདོད་པ་དང་འཛིན་པ་སློབ་ན་སློབ་དཔོན་ཡིན་ཡང་བདུད་དུ་ཤེས་པར་བགྱི་འཚལ།
从今以后不要顺从那些不如法的人,不要坐在一起,不要一同聊天。因为我们从无始以来串习了实执,虽然有以对治法来对治习气,但效果并不明显,难道你没有这样的体会吗?
所谓的违背佛法是不需要舍弃衣饰的,如果内心没有趋入佛法而趋入贪欲就是违背了佛法。
千万不要自我欺骗、不要自我下毒、不要听信谗言、不要与耳商议。有疑惑就向那些一心一意修行、已经彻底舍弃今世的诸大德们请教,其他世间人只会教你世间八法。如果有人教你贪欲和执着,即便是轨范师也应该视之为魔说。
ཚེ་འདི་དང་རང་མ་འདྲེས་པའི་ཆོས་ཤིག་རང་བྱེད་ན།གྲགས་པ་སྙན་རུང་མི་སྙན་རུང་།བསྙེན་བཀུར་བྱུང་རུང་མ་བྱུང་རུང་།ང་རང་སྐྱིད་རུང་སྡུག་རུང་།བཀའ་བརྒྱུད་ཀྱི་མཛད་སྲོལ་ཡང་འདི་ཡིན།དགེ་སྦྱོར་ཡང་འདིས་འཕེལ།ཆོས་དང་ཡང་འདི་མཐུན།སུ་ཅི་དགའ་བ་གྱིས་སྙམ་པ་ཞིག་དགོས་པ་ལ།འོ་སྐོལ་ནི་མི་གཞི་སྲབ་པོ་ཡབ་པེ་ཡེད་པེ།ཕོ་མོ་ཕྱེད་དེ་བྱས་ནས་བློ་རྒོད་པོ་བྱས་པས་སྒྲུབ་པ་པོ་ཅི་ལ་འོང་།མཆོག་ཐུན་མོང་གི་དངོས་གྲུབ་ཅི་ལ་ཐོབ།གྲུབ་ཐོབ་ཀྱི་བརྒྱུད་པ་ཅི་ལ་ཟིན།
如果想修持未混杂今世世间八法的清净佛法,应当要有这样的心态:有名声也好,没有名声也罢,被人尊敬也好,不被尊敬也罢,快乐也好,痛苦也罢,这就是噶举传承的修行方式,如此才能增长善行,才是最如法的修行,至于别人爱怎么说就让他说吧!
我们这些性格飘忽不定、男女同住、内心尚未调伏的人怎么能成为修行者?怎么能获得共同与不共殊胜的悉地?怎么能继承诸成就者的传承呢?
རྗེ་རས་ཆུང་པས་བླ་མ་ཆེན་པོ་མི་ལ་ལ།དགེ་སྦྱོར་མཛད་པ་ལ་བར་ཆད་མ་བྱུང་ངམ་ཞུས་པས།ང་ལ་བར་ཆད་འོང་པའི་དོན་ཅི་ཡོད་གསུངས།དེ་ཇི་ལྟར་ལགས་ཞུས་པས།ངས་མི་ལ་ཉན་མ་མྱོང་གསུངས་སོ།།དེས་ན་འོ་སྐོལ་ཡང་གྲུབ་ཐོབ་ཀྱི་བརྒྱུད་པ་ཞིག་འཛིན་ན།དགོན་པ་བདག་ཏུ་མ་བཟུང་།ཐབ་ཀ་དང་ལས་ཀ་མ་བྱེད།འཁོར་དང་གཡོག་ལ་མ་དགའ།གཞན་གྱིས་ཕྱེ་གཏོར་མ་འགམ།མི་ཆེན་པོའི་ལད་མོ་མ་བྱེད།ཟང་ཟིང་གི་གཡེང་བ་མ་བྱེད།གཞན་གྱི་ངོ་སྲུང་མི་བྱ།བུ་སྨད་དང་ཕྱུགས་མི་བསྲེལ།ཞིང་ཆུ་དང་བུན་སྐྱེད་མི་བྱ།ཚོང་ཁེ་སྤོགས་མི་བྱ།བླ་མ་དང་ཡི་དམ་མི་བསླུ།བློ་ཕུག་སྤྲང་པོ་ལ་གཏད།འདུག་ས་རི་ཁྲོད་དུ་བགྱི།སྨྲ་ན་རང་སྐྱོན་སྨྲོས།བསྟོད་ན་གཞན་ལ་བསྟོད།འདུལ་ན་རང་རྒྱུད་ཐུལ།གསོག་ན་འཕགས་པའི་ནོར་བདུན་གསོག།སྤེལ་ན་ཉམས་མྱོང་དང་རྟོགས་པ་སྤེལ།སྐྱོང་ན་བླ་མ་དམ་པའི་གདམས་ངག་སྐྱོང་།
曾日琼巴问米拉日巴尊者:“请问您在修行上是否遇到过障碍呢?”尊者回答:“我不可能遇到障碍。”问:“为什么呢?”尊者回答:“因为我从来没有听从过世间人的话!”
因此,如果我们要继承诸成就者的传承,就不要执着寺院、不要做厨师和俗事、不要贪恋眷属和仆人、不要相信别人的谄媚奉承、不要模仿大人物、不要做散乱之事、不要看别人的情面、不要爱惜妻儿和牲畜、不要做排灌和放贷者、不要经商和投资理财、不可出卖上师和本尊!
内心应向于贫穷、隐居深山、忏说自己的过失、赞扬他人的功德、降伏自己的相续、积累圣者七财、增进觉受和证悟、修持殊胜上师的窍诀!
ལར་ཆོས་གཤའ་མ་ཞིག་བྱེད་ན།མི་གཞི་གྲོགས་ངན་པས་འགྱུར་བ་མེད་པ་ཞིག་དགོས།དུས་རྟག་ཏུ་འཆི་ཚིས་བྱེད་པ་ཞིག་དགོས།དད་པ་འགྲིབ་པ་མེད་པ་ཞིག་དགོས།མོས་གུས་ལ་ལྟེམ་རྐྱང་མེད་པ་ཞིག་དགོས།སེམས་ལ་གཡོ་སྒྱུ་མེད་པ་ཞིག་དགོས།དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་བཞིན་དུ་སྲུང་བ་ཞིག་དགོས།སེམས་ཅན་གཞན་གྱི་བ་སྤུའི་ཁུང་བུ་གཅིག་ལའང་མི་གནོད་ཀྱི་སྟེང་དུ་ཕན་འདོགས་པ་ཞིག་དགོས།ངན་སྨྲས་སམ་སྐུར་བ་བྱུང་ན་ཁོང་གི་འདི་ཀུན་གདམས་ངག་ཡིན་སྙམ་པ་ཞིག་དགོས།ཚུར་གནོད་པ་ཆེན་པོ་བྱེད་དུ་བྱུང་ཡང་ངས་བཟོད་པ་ཐུབ་བམ་མི་ཐུབ་བལྟ་བའི་སློབ་དཔོན་ཡིན་སྙམ་དུ་བསམ་དགོས།
总之,如果真正的修行佛法,就要具有任何恶友都不能改变的坚定不移之人格,要恒常做好面对死亡的准备,要有永不退转的信心,要有永不退缩的虔敬心,要有不掺杂纤毫奸诈诡计的真诚心。
对戒律和誓言要如同自己的眼珠子一般的守护着,对众生哪怕一个汗毛孔都不可伤害,并且要尽全力去帮助众生。如果有人毁谤你,要心想:“他的这一切言行都是我修行的窍诀。”如果有人栽赃陷害你,就心想:“他是我的轨范师,是他来考验我能否修好安忍波罗蜜多。”
ཁོང་གིས་མ་ཤེས་པ་ཡིན།མ་རིག་པ་ཡིན་ང་རང་གི་སྔོན་གྱི་དྲིན་ཅན་མ་རྒན་ཡིན།ད་ལྟ་དངོས་པོའི་གདོན་གྱིས་བཟུང་ནས་སྨྱོ་བ་ཡིན།སྙིང་རེ་རྗེ་བསམ་པ་ཞིག་དགོས།ང་དམ་པའི་ཆོས་བྱེད་པ་ཡིན་པ་ལ་སྙམ་དུ་བསམས་ནས།ཁོང་གི་གནོད་པ་སྐྱེལ་བའི་ལན་དུ་འོ་སྐོལ་གྱིས་ཕན་འདོགས་པ་ཞིག་དགོས་ན།འཐབ་པ་དང་རྩོད་པ་ལྟ་སྨོས་ཀྱང་ཅི་འཚལ།དགེ་བ་ཅི་བྱེད་ཐམས་ཅད་ཀྱང་གནོད་པ་བྱེད་མཁན་དེས་དབུ་མཛད་པའི་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་གྱི་དོན་དུ་བསྔོ་དགོས་སོ།།
要心想:“这是他不明真相,是无明所致,他是我过去的大恩老母亲,他现在走火入魔而发疯了,非常可怜。”再心想:“我在修行佛法,因此,如果他来陷害我,我不但不能向他报复,还要去帮助他,怎能冲突打架呢?”而且所有的善根皆要回向给那些以曾经伤害过自己的人为主尽虚空遍法界一切有情。
མདོར་ན་ཞེ་སྡང་ནི་ཐེག་པ་ཆེན་པོར་གནང་བའི་སྐབས་ནམ་ཡང་མེད་པས།བཟོད་པ་ལ་ནན་ཏན་བསྐྱེད་དགོས།རང་གསོད་དུ་བྱུང་ཡང་།རྒྱུད་འཁྲུག་ཏུ་མི་རུང་ན།ཟས་ནོར་དང་མངའ་རིས་འཕྲོག་པ་དང་།ངན་སྨྲས་གཏོང་པ་ལ།རྒྱུད་འཁྲུག་པ་སྨོས་ཀྱང་ཅི་འཚལ།འོ་སྐོལ་ནི་གོས་མར་བསྲིང་།སྐྲ་ཡར་བསིག།ལྡེང་ཁ་བསྐྱེད་ནས།གཞན་གྱི་གནོད་པ་བསྐྱལ་མི་དགོས།གྲལ་དམས་སམ།བསྙེན་བཀུར་ཆུང་ངམ།མ་ལེགས་པའམ།མ་ཤེས་པའམ།ཚུལ་དང་ཚུལ་མི་མཐུན་པ་ཞད་རེ་བྱས་ཀྱང་།ཁྱོད་ཀྱིས་ང་ལ་ཅིར་མཐོང་བ་ཡིན།ང་མི་ཆེན་པོ་ལ་བརྙས་པ་བྱེད་པ་ཟེར་ནས་ཀོ་ལོང་དམ་པར་གདའ་བ།
简而言之,在大乘佛法里,嗔恨心是任何时处都不被开许的,故而应当精进修持安忍波罗蜜多。即使有人来杀害自己,在相续中连怨恨心都不能有,更何况是被抢夺食财、领地、恶语咒骂的时候!
我们衣服腰下围,头发往上卷,骄傲的神态,不要说是别人来伤害自己,连座位低,或供养少,或遇到挫折,或被人误会等,哪怕遇到一点非理事情时,就会说:“你瞎了眼睛吗?我这大人物如何如何的被你歧视等。”突然翻脸大发脾气!
ཆོས་མང་དུ་ཤེས་ཤིང་ང་རྒྱལ་ཇེ་ཆུང་།ཡུན་རིང་དུ་བསྒོམ་གྱིན་ང་རྒྱལ་ཇེ་ཆུང་དུ་འགྲོ་དགོས་པ་ཡིན་པ་ལ།ཆོས་ང་རྒྱལ་གྱི་གྲོགས་སུ་བཏང་བས་ཅི་ལ་ཕན།ཡོན་ཏན་ཞད་རེ་ཙམ་ཡོད་པས་ང་རྒྱལ་གྱིས་དེས་ཡུལ་གཞན་ལ་འཕྱ་བར་གདའ་བ།དེ་ཙུག་བགྱིས་པས་ཆོས་གང་ན་མཆི།འོ་སྐོལ་ནི་ཆོས་པ་ཡིན་ཟེར་ནས།ཆོས་དཔེ་ཆ་ལ་བཞག།རྒྱུད་ཐ་མལ་དུ་བཞག།སེམས་འདོད་པའི་དབང་དུ་བཞག་ནས།ལག་ལེན་མི་ཆོས་ལ་བྱེད།བཟླས་བརྗོད་ངན་སྨྲས་ལ་བྱེད།དགེ་སྦྱོར་རྐྱེན་བཟློག་ལ་བྱེད།གཏོར་མ་ལྷ་འདྲེ་ལ་གཏོང་།མཆོད་པ་བུ་སྨད་དང་ཉེ་འབྲེལ་ལ་བྱེད།སྒྲུབ་པ་ཆོས་བརྒྱད་ལ་བྱེད་ཅིང་།ཆོས་པའི་གཟུགས་བརྙན་དུ་བྱས་ནས།ཆོས་ནས་དང་དེ་ལྟར་བཤད་དེ།བྱེད་མཁན་སུ་ཡང་མེད་ཟེར་ནས།གཞན་སྐྱོན་ཐམས་ཅད་བཤད་པར་གདའ་བ།
按理来说,佛法懂得越多,傲慢心就越小;修行时间越长,傲慢心越要小,怎么能让佛法变成生起傲慢心的助缘呢?
可惜有的人稍微有点知识就起了傲慢心,进而开始歧视别人,修学佛法哪有这样的?
我们号称自己是修行人,却把佛法放在书函里,相续放在平庸里,心念放在贪欲里,做的是世间法,口诵的是咒骂,行善为了除障,食子供奉于鬼神,财物给予妻儿及亲友,修的是世间八法,以修行人的形象来演说:“佛经里都是这样讲,怎么没人进修等等?
”我们就只会说别人的过失。
འོ་ན་ཆོས་སྒོར་ཞུགས་ནས་ཅི་བྱེད།ཆོས་ཉན་ནས་ཅི་བྱེད།དཔེ་བྲིས་ནས་ཅི་བྱེད།དེ་ཐམས་ཅད་དོན་མེད་པར་སོང་པ་ཡིན་མོད།འོ་སྐོལ་ནི་རང་ལ་ཡོན་ཏན་མེད་པར་རང་གི་ཉམས་མྱོང་གཞན་ལ་བཀབ་ནས།སྐྱེས་བུ་དམ་པ་རྣམས་ཀྱི་ཡོན་ཏན་ལ་ཁྱད་དུ་གསོད་ཅིང་།བདེན་མི་སྲིད་རྫུན་ཟེར་བ་ཡིན།འོ་ན་ད་སླ་སྟེ་ཟེར་བར་གདའ་སྟེ།གང་ཟག་གིས་བློ་ཚོད་མི་ཤེས།དམ་པ་སུ་ཡིན་མི་ཤེས།སྤྲུལ་པ་ཡང་སུ་ཡིན་མི་ཤེས་པས་གང་ཟག་དང་ཆོས་ཀྱི་ཞལ་ལྕེ་མི་གཅད།ཐམས་ཅད་ལ་མོས་པ་བྱ།རྗེས་སུ་ཡི་རང་བ་བྱ།ཁོང་ཐམས་ཅད་ངོ་མཚར་ཅན་དུ་འདུག་པ།ང་རང་ཁོ་ན་རེ་ངན།སྐྱུག་རེ་བྲོ་སྙམ་དུ་བསམ།ཟས་ནོར་ཡང་བཟང་ལ་སྙིང་ལ་གཅེས་དགུ་ཐམས་ཅད་བླ་མ་དང་དཀོན་མཆོག་གི་ཕྱོགས་སུ་གཏང་ཞིང་།བཏང་སྙམ་པའི་ང་རྒྱལ་མེད་པར་བྱའི།
若是这样,皈入佛门有何意义?听闻佛法有何意义?著书立说又有何意义?这一切都变成毫无意义了。
我们自己没有什么功德,却以自己的觉受和经验衡量别人,又轻视诸圣贤的功德,还说:“这不可能是真的,这是吹嘘而已,即便是如此,也不是什么了不起的事。”
我们无法了知补特伽罗内在的功德,也无法知晓谁是真正的圣人,更不知道谁是佛菩萨的化身。因此,不要随意去判断法与补特伽罗,而应当以清净心恭敬所有的人,并随喜赞叹。应心想:“他们都是非常了不起的,唯独我一人不好,我很丑恶。”而且自己最珍爱的饮食、财物都应供养于上师三宝,如此修持平等住心,则能消除傲慢之心。
འོ་སྐོལ་ནི་རང་ཁོ་ན་གཏོང་ཕོད་ཆེ།འདོད་པ་ཆུང་།ང་མི་བཟང་།ཆོས་ང་བཟང་སྙམ་ནས།གཞན་གྱི་ངོ་ལ་ཕྱེ་གཏོར་ཞད་རེ་བྱས་པ་ལ་བདེན་སྙམ་ནས།ང་ལ་ཐམས་ཅད་བྱམས།ང་ལ་ཐམས་ཅད་མགུ་སྙམ་པའི་ང་རྒྱལ་གྱིས་ཕུང་བ་ལགས་ན།ང་རྒྱལ་དེ་འདྲ་ཞིག་ཕུགས་སུ་བཅུག་ན་ཡོན་ཏན་སྐྱེ་མི་སྲིད་པས།ང་རྒྱལ་གྱི་རི་བོ་རྨང་ནས་སྒྱེལ་ནས་ཤེས་པ་དམའ་ཞུམ་གྱིས་གཏོང་དགོས།བདག་འཛིན་གྱི་མཁར་བུ་རྨང་ནས་སྒྱེལ་ནས།འཛིན་མེད་ཀྱི་ཐང་ལ་ཕྱམས་ཀྱིས་གཏང་དགོས།ཞེ་འདོད་ཀྱི་མདུད་པ་ཐམས་ཅད་ཁྲོལ་གྱིས་འགྲོལ་བ་ཞིག་དགོས།ཉོན་མོངས་པ་དང་རྣམ་རྟོག་ཐམས་ཅད་ལྷན་གྱིས་ཞི་བ་ཞིག་དགོས།སྣང་བའི་དངོས་པོ་འདི་ཐམས་ཅད་བུན་ལོང་གིས་འགྲོ་བ་ཞིག་དགོས།སྟན་ཐོག་ཏུ་ལྷན་གྱིས་སྡོད་ཚུགས་པ་ཞིག་དགོས།རང་རྒྱུད་དམ་ཤེས་པ་མཉེན་ལྷུན་རྩེར་འགྲོ་བ་ཞིག་དགོས།འགྲོ་བ་གཞན་ལ་སྙིང་རྗེ་དུངས་ཀྱི་སྐྱེ་བ་ཞིག་དགོས།མཐུན་འཇུག་གི་རྩིག་པ་རྨང་ནས་སྒྱེལ་བ་ཞིག་དགོས།ཆགས་སྡང་དང་ཕྱོགས་རིས་སྐྱེ་བའི་རྒྱུ་ཐམས་ཅད་ལིངས་ཀྱིས་བོར་ཞིང་འགྲོ་བ་ཞིག་དགོས།དགེ་སྦྱོར་དང་ཡོན་ཏན་ཅི་འཕེལ་གྱི་ངང་ནས་གྲོགས་དང་སྤྱོད་ལམ་བསྟུན་པ་ཞིག་དགོས།
我们之所以认为:“我很慷慨、我最少欲、我是善人一个、我的修行最好。”就是因为我们相信了那些拍马溜须的话,由此便认为,所有的人应当恭敬我、拥护我,就这样的渐渐生起了傲慢心。
如果心中藏有如此的傲慢心,根本就无法产生功德。因此,要彻底推倒傲慢的大山,就应该学会谦虚和谨慎。
同样,我执的堡垒要从基推倒,心要放松于无执的广阔原野上、要自我解除一切心中的贪欲和期望、一切烦恼和分别心应要一起息灭、所现一切现象要变得现而不实、在座位上一起坐时要坐得住、自相续要调成温柔、对他众要发起悲悯之心、应酬的建造之物要彻底拆除、应当远远的抛弃一切能让生起贪嗔和偏私的因素、应精勤于善行和增长功德之事,并要与志同道合的人和睦相处。
དེ་ཐམས་ཅད་ཀྱང་མདོར་བསྡུས་ན།ཆོས་ཉོན་མོངས་པའི་གཉེན་པོར་མ་སོང་ཞིང་།རང་གི་རྒྱུད་ལ་མ་ཕན་ན།སྡེ་སྣོད་གསུམ་བློ་ལ་བཤད་ཤེས་ཀྱང་ནེ་ཙོའི་འདོན་པ་དང་འདྲ།གདམས་ངག་གང་ན་ཟབ་དགུ་ཐམས་ཅད་ཡོད་ཀྱང་།སྨན་པ་ཁོང་ནད་ཀྱིས་ཤི་བ་དང་འདྲ།བླ་མ་ནི་གང་ན་བཟང་དགུ་བསྟེན་ཡང་།རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་དང་འདྲ།ལོ་བརྒྱ་སྟོང་ལ་སོགས་པར་རི་ཁྲོད་དམ་ཕུག་ཏུ་བསྡད་ཀྱང་རི་དྭགས་དང་ཕྱི་བ་དང་འདྲ།བསྐལ་པ་མང་པོར་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ལ་འབད་ཀྱང་རུང་།མངོན་པར་ཤེས་པ་དང་རྫུ་འཕྲུལ་དཔག་ཏུ་མེད་པ་བྱུང་ཡང་རུང་།ཡི་དམ་ལྷའི་ཞལ་མཐོང་བ་དང་།ཚེ་ཉི་ཟླ་དང་མཉམ་པའི་དངོས་གྲུབ་ཐོབ་ཀྱང་རུང་།འཚང་རྒྱ་བའི་བརྒྱུད་པའི་རྒྱུ་རུ་འགྲོ་བ་ཙམ་ལས།འཁོར་བའི་ཕ་རོལ་ཏུ་བརྒལ་མི་ནུས་སོ།།
将这一切总结来说,修学佛法若不能对治烦恼,不能利益自相续,即便能够背诵三藏十二部经典,亦如同鹦鹉诵经而已;虽具有各种甚深窍诀,亦如同医生因己病而死;虽依止了众多殊胜的上师,亦如同在湖海边干渴而死;千百年隐居深山和岩洞中,亦如同旱獭等野生动物而已;在数劫中努力行持布施、持戒等善法,虽然获得了神通、神变,面见了本尊,与日月同寿等成就,也只能成为成佛的远因,而并不能渡越轮回之彼岸。
དེ་བརྒལ་བར་བྱེད་པ་ལ་རང་གི་སེམས་རྟོགས་དགོས།སེམས་རྟོགས་པར་བྱེད་པ་ལ་གདམས་ངག་ཟབ་པ་གཅིག་པུས་མི་ཕན།བླ་མ་རྟོགས་ལྡན་ཞིག་གི་བྱིན་རླབས་འཇུག་དགོས།དེ་འཇུག་པར་བྱེད་པ་ལ་བླ་མ་ལ་མོས་གུས་དང་།ལུས་ལོངས་སྤྱོད་ཐམས་ཅད་དངོས་སམ་ཡིད་ཀྱིས་དབུལ་ཞིང་།སངས་རྒྱས་ཀྱི་འདུ་ཤེས་སྐྱེད་ནས་དད་གུས་རྒྱུན་ཆད་མེད་པར་གསོལ་བ་འདེབས་ཤིང་།དེ་ལ་བློ་ལྷན་གྱིས་གཏད་ནས་ཅི་གསུང་ཐམས་ཅད་མཉན་ན།དེའི་བྱིན་རླབས་ཞུགས་ནས་བླ་མའི་རྟོགས་པ་དེ་སློབ་མའི་རྒྱུད་ལ་འཆར།
如果想渡越轮回,必须要证悟自心。仅有甚深的窍诀仍然不能证悟自心,还要获得一位觉者上师的加持。若要获得上师的加持,就要对上师有虔敬心,并且将自身与所有财富,以意供或现实的方式供养上师。而且把上师视为真佛,不断的以虔诚心和恭敬心祈祷上师,一心一意地将自己依托于上师,完全听从上师的一切教诲。由此才能获得上师的加持,而上师所证悟的境界将生起于其弟子相续中。
དེ་ཤར་བ་དང་བླ་མའི་ཐུགས་དགོངས་ལོན་པ་ཞེས་བྱ།གདམས་ངག་ཚིག་གིས་མ་བསླད་པ་ཐོབ་པ་ཞེས་བྱ།སྒོམ་ཁྲིད་ཚར་བ་ཞེས་བྱ།བྱ་བའི་ལས་ཟིན།སྡུག་བསྔལ་གྱི་ཁུར་བོར།འཁོར་བའི་ཆུ་བོ་བརྒལ།ཐར་པའི་སྐམ་སར་སླེབ།མི་ཟད་པའི་གཏེར་དང་འཕྲད་པ་ཅེས་བྱ་སྟེ།རང་གི་སེམས་ལ་ངེས་ཤེས་སྐྱེས་པས་བླ་མ་སངས་རྒྱས་སུ་གདོད་མཐོང་ནས།མོས་གུས་གཤའ་མ་ཞིག་གདོད་སྐྱེ།དེ་སྐྱེས་པ་དང་ཡོན་ཏན་ཐམས་ཅད་ནམ་ཟླ་སྟོན་ཀའི་འབྲས་བུ་བཞིན་དུ་དུས་གཅིག་ལ་སྨིན་པའམ།ཉི་མ་དང་འོད་ཟེར་གྱི་ཚུལ་དུ་འབྱུང་ངོ་།།
若是如此,既称之为获得了上师的意趣,亦称之为获得无有混杂名词的窍诀,也称之为圆满完成禅修的引导。同样可称之为已圆满完成该做的事,已完全丢掉痛苦的包袱,已渡越轮回的苦海,已抵达解脱的陆地,已遇到无尽的宝藏!
因为自己的心里生起了信心,由此得见上师为真佛,进而对上师生起了真实不虚的虔敬心。一旦生起如此的虔敬心,一切功德就如同秋天的果实一般立刻就会成熟。亦如同太阳与阳光一样,只要生起无伪的虔敬心,一切功德自然就会产生。
རྟོགས་པ་ནམ་མཁའ་དང་མཉམ་པ་ཞིག་རྒྱུད་ལ་སྐྱེས་པས།དགེ་བས་ཕན་མ་བཏགས།སྡིག་པས་གནོད་པ་མ་བསྐྱལ་བར་འདུག་སྙམ་ནས།ལས་རྒྱུ་འབྲས་ཁྱད་དུ་གསོད་ཉེན་ཡོད་པས།ཀུན་རྫོབ་རྟེན་ཅིང་འབྲེལ་བའི་དོན་རྟོགས་པར་བྱ་ཞིང་།ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་སངས།ད་དུང་དུ་བླ་མ་དམ་པ་བསྟེན།མོས་གུས་བསྐྱེད་ཅིང་བསྒོམས་པས།ཐམས་ཅད་མཁྱེན་པའི་ཡེ་ཤེས་ནང་ནས་འཆར།དེ་ཤར་བ་དང་སློབ་དཔོན་གྱིས་ཀྱང་ཚིག་ཚོགས་སན་སུན་མེད་པར་འདི་རྗེན་པར་བསྟན་པས་ཆོག་པར་འདུག་པ་ལ་སྙམ་པ་འབྱུང་།
在相续中生起虚空一般的证悟境界时,有可能会认为行善没有什么益处,造恶也没有什么害处,进而轻视因果。因此,应当了知在世俗中诸法缘起缘灭之理,消除对业因果的愚昧无知。
此时,应当继续依止殊胜上师,并以虔敬心观修,由此从内将会生起遍知一切的智慧。此智慧一旦生起,轨范师也会认为此刻没有必要运用太多的名词术语,而直接了当的直指心性。
མདོ་རྒྱུད་བསྟན་བཅོས་ཀུན་ན་མར་ལྷུག་པར་བསྟན་ནས་འདུག་པ་ལ།ང་རང་ཅེར་རེ་ལོང་དུ་སོང་འདུག་སྙམ་པ་འབྱུང་སྟེ།ཚོགས་མ་རྫོགས་ཤིང་སྒྲིབ་པ་མ་དག་ན།མི་རྟོགས་པར་སྔགས་ཕ་རོལ་ཏུ་ཕྱིན་པ་གཉིས་ཀ་ནས་མཐུན་པར་གསུངས།ཕ་རོལ་ཏུ་ཕྱིན་པ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱ་བར་འདོད་པ།དཔེར་ན་གཞུང་ལམ་ཆེན་མོ་བསྐོར་བ་དང་འདྲ།གསང་སྔགས་པ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱ་བར་འདོད་པ།གསེང་ལམ་ལ་སྤྱོད་པ་དང་འདྲ་བས།དེས་ན་ཚོགས་གསོག་པའི་ཞིང་བླ་མ་ཁོ་ན་བཟང་བར་གསུངས།
我们也会觉得一切经典、密续、论著中早有宣讲,只是自己有眼无珠没有发现而已。
显宗和密宗都说,如果没有清净罪障和累积资粮,就无法彻底证悟本性。大乘显宗认为,三大阿僧祇劫当中积累资粮才能成佛,即如同行走大路一样。而密宗则认为修持密法能够即身成佛,即如同行走捷径之道一样。因此就说,累积二资粮最好的福田就是自己的根本上师。
བླ་མ་ལ་མོས་གུས་མ་བཅོས་པ་རེ་སྐྱེས་ན་བསྐལ་པ་མང་པོའི་སྒྲིབ་པ་རྩ་བ་དྲུངས་ནས་འདོན་པར་གསུངས།བླ་མའི་བྱིན་རླབས་ཤིག་མ་ཞུགས་ན།སེམས་ཉིད་འདི་བལྟས་པས་མི་མཐོང་།བཟུང་བས་མི་ཟིན།བཀག་པས་མི་ཁེགས།སྣང་བ་འདི་སྤངས་པས་མི་སྤང་།བཤིག་པས་མི་འཇིག།དེ་བས་ན་ཚོགས་གསོག་པར་འདོད་པ་དང་།སྒྲིབ་པ་སྦྱང་བར་འདོད་པ་དང་།བར་ཆད་སེལ་བ་དང་།རྟོགས་པ་རྒྱུད་ལ་སྐྱེ་བར་འདོད་པ་དང་།སྣང་བ་ཟིལ་གྱིས་ནོན་པ་དང་།བདག་གཞན་གྱི་དོན་ཡོངས་སུ་རྫོགས་པར་བྱ་བར་འདོད་པ་རྣམས་ཀྱིས་ནི།བླ་མ་ཁོ་ན་ལ་བསྙེན་བཀུར་ཞིང་གསོལ་བ་གདབ་བོ།།
在密续中说,如果对上师生起了无伪的虔敬心,就能够彻底清净多生累劫当中的罪障。如果得不到上师的加持,所谓心的本性,想看也无法看到,想抓也无法抓住,想阻止也阻止不了。同样,此一切现象,想遣除也无法遣除,想坏灭也坏灭不了。
因此,凡是希望累积二资粮者、希望清净罪障者、希望消除违缘者、希望自相续中生起证悟者、希望能威镇现象者、以及希望圆满完成利他事业者,应当只祈祷上师,侍奉上师。
རྟོགས་པ་སྐྱེས་པ་རྣམས་ཀྱིས་ཀྱང་བླ་མ་ལ་གསོལ་བ་གདབ་ཅིང་།རྟོགས་པའི་ཉམས་དེ་ཉིད་བསྐྱང་པ་ལས།རང་གི་སེམས་དེ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཆོས་ཀྱི་སྐུར་ཐག་ཆོད།ཚོགས་དྲུག་ཡུལ་གྱི་སྣང་བ་འདི་ཐམས་ཅད་སྒྱུ་མའམ་རྨི་ལམ་དང་ཁྱད་མེད་པར་ཐག་ཆོད་ནས།འཁོར་འདས་ལ་རེ་དོགས་དང་བྲལ།ཕྱི་ནང་གི་སྒྲོ་འདོགས་ཐམས་ཅད་ཆོད།སྔར་མ་མཐོང་མ་ཐོས་པའི་ཆོས་ཐམས་ཅད་ལ་ཡང་ལོང་བ་མིག་ཕྱེ་བ་བཞིན་དུ་སོང་ནས།བཀའ་རབ་འབྱམས་ལ་ཤེས་པའི་སྣང་བ་ཐོབ།བླ་མ་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་རང་ཐུགས་དགོངས་གཅིག་ཏུ་འདྲེས།ཆོས་ལ་ནང་བྱན་ཚུད།ཤེས་བྱ་ཐམས་ཅད་ཀྱི་བདག་པོར་སོང་བས་གཅིག་ཤེས་ཀུན་ལ་མཁས་པ་ཞེས་བྱ།
已生起证悟的人,也应当祈祷上师,并保持已有的证悟觉受。因而能断定远离一切戏论的自心即是法身,亦能断定六聚之境一切现象皆是与幻化和梦境毫无差别。于是远离了对轮涅的希忧,解除了内外一切增益。
过去从未见闻过的佛法,现如今如同盲人重见光明一样了知了一切佛法。而上师与十方诸佛菩萨的智慧与自心已融为一体,更深入的了解佛法,即成一切所知之主,故而称之为知一而了达一切。
རང་ལ་ཞེ་འདོད་ཏིལ་གྱི་ཕུབ་མ་ཙམ་ཡང་མེད་པར།མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་ལྷག་པར་སྐྱེས་ནས།ཕན་ཇི་ལྟར་བྱས་ནས་གདགས་ན།རྟོགས་པ་འདི་སུ་ཡི་རྒྱུད་ལ་སྐྱེ་ན་སྙམ་པ།མ་བུ་གཅིག་པ་མཐོང་བ་འདྲ་བ་བྱུང་སྟེ།སངས་རྒྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཞེས་ཀྱང་དེ་ལ་བྱ།དེ་ལྟ་བུའི་རྟོགས་པ་བརྟན་པོ་འགྱུར་བ་མེད་པ་ཞིག་ཡོད་པའི་སྐྱེས་བུ་རྣམས་ཀྱིས།ཟང་ཟིང་དང་བསྙེན་བཀུར་ལ་མི་བལྟ་བའི་འགྲོ་དོན་བྱ་སྟེ།རང་གཅིག་པོ་ཐར་བས་མི་ཕན་པས་གདུལ་བྱ་ཡང་གང་དམན་པ་བསོད་ནམས་ཆུང་བ།གཟུགས་ངན་པ།ལོངས་སྤྱོད་ཆུང་བ།སྡིག་ཆེ་བ་རྣམས་ལ་བྱམས་པར་བྱེད་ཅིང་སྐྱོང་དགོས།
自私自利的心连芝麻壳大小都没有,而且对未证悟的众生特别生起了悲悯之心,于是就开始思索:如何去帮助他们,如何去让他们证悟,即如同母亲看到独生子一样,这就是所谓的佛菩萨利益众生。
对如此悟心坚定不移的诸圣者而言,无论别人是否供养和侍奉,应当依然要利益众生,因为独自的解脱是没有实际意义的。故而,应当以慈悲心帮助那些罪业深重、行为恶劣、相貌丑陋、缺乏财富等没有福报的人。
མི་ཆེན་དང་བསོད་ནམས་ཅན་གྱིས།ཆོས་དང་སློབ་དཔོན་གང་ནས་ཀྱང་རྙེད།ཁོང་ཚོགས་བསགས་པས་ཇི་ལྟར་བྱས་ཀྱང་བདེ་ནས་འོང་།ཡང་གདུལ་བྱ་དུས་ལ་བབ་ན་གང་མོས་པ་དང་།གང་དད་པ་ཆེ་བ་ལ་ཆོས་དང་གདམས་ངག་བྱ།མི་མོས་མི་དད་པ་ལ་ཡང་གདུལ་བྱའི་ལས་འབྲེལ་བཞག།བཅོམ་ལྡན་འདས་ཀྱིས་དགེ་སློང་ལེགས་པའི་སྐར་མ་བསྐྱངས་པ་དང་འདྲའོ།།སྒྱུ་ལུས་འདི་ལ་བརྟེན་ནས་འགྲོ་བ་མང་པོ་མ་འདྲོངས་ཀྱང་སྙིང་རྗེ་ཆེན་པོ་བསྐྱེད་ཅིང་སྨོན་ལམ་རྒྱ་ཆེན་པོ་བཏབ་པས།མ་ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེའི་མདུན་དུ་སྤྲུལ་པ་རེ་སྟོན་ནུས་པ་འབྱུང་ངོ་།།
而有地位、有福德之人,去哪里都能遇到佛法与轨范师。因为他们是积累了资粮的人,故而怎样做都很顺利。当因缘成熟时因基施教,对非常有信心的人应当传授窍诀法要。而对没有信心的人也要结个善缘,即如同释迦牟尼佛度化善行比丘一样。
依靠此幻化之身,虽然没有能力度化更多的众生,但要发大悲心,也要发大愿,由此尽虚空遍法界一切众生的面前将能一一的显现应化身。
རྒྱ་གར་གྱི་གྲུབ་ཐོབ་ཐམས་ཅད་ཀྱིས་ཚོགས་པ་ཆེན་པོ་བསྐྱངས་པ་མི་གདའ་སྟེ།ཁོང་ཐུགས་རྗེ་ཆུང་ནས་མ་བསྐྱངས་པ་མ་ལགས།གདུལ་བྱ་དུས་ལ་མ་བབ་པར་གཟིགས་ནས་སྤྲུལ་པས་འགྲོ་དོན་བྱས་གདའ་བ།ད་ལྟའི་བཤེས་གཉེན་དམ་པ་འགྲོ་དོན་མཛད་པ་རྣམས་ཀྱང་།སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲུབ་ཐོབ་རྣམས་ཀྱི་སྤྲུལ་པར་གདའ།ཁོང་རང་གིས་སྤྲུལ་པར་མ་མཁྱེན་ཡང་འགལ་བ་མེད་དེ།སྒྱུ་མའི་མཁན་པོས་སྒྱུ་མའི་སྐྱེས་པ་དང་བུད་མེད་ལ་སོགས་པ་མང་པོར་སྤྲུལ་པ་དེ་རྣམས་ལ་བདག་ནི་སྒྱུ་མའི་སྐྱེས་བུའོ།།སྒྱུ་མའི་མཁན་པོ་འདིས་བདག་སྤྲུལ་པའོ་སྙམ་པ་མེད་ཀྱང་།སྐྱེ་བོ་ཐམས་ཅད་མགུ་བར་བྱེད་པ་དང་འདྲ།འོ་སྐོལ་གྱིས་སྤྲུལ་པར་མ་མཐོང་བ་དེ།འོ་སྐོལ་རང་སྣང་མ་དག་པ་ལགས།
印度的诸成就者没有主持大规模的僧团,这并不是他们缺乏慈悲,而是认为时机尚不成熟,因而以应化身的方式利益众生。
现在利益众生的这些胜善知识,皆是过去诸佛菩萨和大成就者的应化身,他们自己是否知道自己是应化身都无所谓,这就如同幻变师所幻变出来的男女等幻象一样,他们虽然不知道自己是幻变师所幻变出来的,但这样也依然能够满足人们的需求。至于我们分不清楚谁是应化身,是因为我们的内心不清净的缘故!
ཕ་རོལ་དུ་ཕྱིན་པའི་དབང་དུ་བགྱིས་ན་ཡང་།སྤྲུལ་པ་ལ་སྤྲུལ་པར་མཐོང་བ་དེ་ཚོགས་ལམ་ཆེན་པོའི་གནས་སྐབས་ལགས་པར་གདའ།སངས་རྒྱས་ལ་འོད་ཟེར་རྫུ་འཕྲུལ་མངའ་ཡང་འོ་སྐོལ་གྱིས་མི་མཐོང་བ་དེ་ལགས།དཔེར་ན་རྟོགས་ལྡན་གྱི་རྣལ་འབྱོར་པ་རྣམས་ཀྱིས་འགྲོ་བ་ཐམས་ཅད་ལ་བྲན་གྱི་ཐ་མ་བཞིན་བྱས་ཏེ།ཟས་ནོར་ཐམས་ཅད་ཕར་ལ་ཡང་སྦྱིན།ཚུར་ལ་ཡང་བླངས་ཀྱིན་སྨོན་ལམ་རྒྱ་ཆེན་པོ་བཏབ།སྐྱེས་བུ་དམ་པ་དེ་མཐོང་བ་དང་།དྲན་པ་ཙམ་ཡང་ངན་འགྲོ་ལོག་པར་སྐྱེ་བར་མི་འགྱུར་ན།ཟས་འབྲེལ་དང་ཆོས་འབྲེལ་བྱས་པ་དང་དད་གུས་ཀྱིས་གསོལ་བ་བཏབ་པ་རྣམས་དེའི་གདུལ་བྱར་གྱུར་པ་ནི་སྨོས་ཀྱང་ཅི་དགོས་ཏེ་ཐེ་ཚོམ་མེད་པར་ཤེས་པར་བྱའོ།།
显宗认为,证得大资粮道阶段时就能看到谁是佛菩萨的应化身。虽然佛具有佛光与神变,但我们看不见也是这个原因。
比如说,已觉悟的诸瑜伽士,他们将自己当做众生的仆人,把所有的饮食、财富都施舍给了众生,同时也接受了众生的供养,并且发了誓愿。
如此的胜善知识,仅仅是看到或想念到他的人,从此将不会堕入恶趣颠倒处,更何况是向他供养财物、跟他以佛法结缘,而且以恭敬心向他祈祷的人们怎么会不能成为他的所化对象呢?要知道这是毫无疑问的事。
དེ་ལྟར་གཞན་དོན་བྱེད་པའི་དུས་སུ་གཡེང་བ་ཆེ་སྙམ་པ་དང་།དུཿཁ་སེམས་ཁྲལ་ཆེ་སྙམ་པར་མི་བྱ་བར་གཞན་ལ་ཕན་པར་འདུག་ན་ངའི་སྐྱིད་སྡུག་ཐམས་ཅད་ཡལ་ནས་འགྲོ་བ་ཡིན་གྱི།ང་རང་གཅིག་པུ་སྐྱིད་པས་མི་ཕན་སྙམ་དུ་བསམས་ལ།སངས་རྒྱས་ཀྱི་བསྟན་པ་ལ་ཅི་ཕན།འགྲོ་བ་གཞན་ལ་ཅི་ཕན་འབའ་ཞིག་བྱ།བདག་གི་ལུས་ངག་ཡིད་གསུམ་འགྲོ་བའི་དོན་ལ་བསྔོས་ལ་བཏང་།
如此利益他人之时,不应有这样的想法:帮助他人会带来很多散乱、痛苦及压力。而应当这样想:只要能够帮助到他人,我个人所谓的一切苦乐感都会消失,再说,我一个人快乐也没有什么意义。在实际行动中也应当去护持佛法,帮助众生,把自己的身语意完全奉献给一切众生。
སྤྱིར་ཡང་རྟོགས་ལྡན་གྱི་རྣལ་འབྱོར་པ་ཞིག་ཡིན་ན་ཉེས་ལེགས་ཕན་གནོད་ཐམས་ཅད་ཤོང་བ་ནམ་མཁའ་ལྟ་བུ་ཞིག་དགོས།བཟང་ངན་སྐྱིད་སྡུག་ཐམས་ཅད་ཐེག་པ་ས་གཞི་ལྟ་བུ་ཞིག་དགོས།རྒན་གཞོན་དང་ཆེ་ཆུང་མེད་པར་འགྲོགས་ཤེས་པ་བུ་ཆུང་ལྟ་བུ་ཞིག་དགོས།ཞེན་པ་ནང་ནས་ལོག་པ་ནད་པའི་སྔས་སུ་ཟས་བཞག་པ་འདྲ་བ་ཞིག་དགོས།སྙིང་རྗེ་ཤུགས་འབྱུང་དུ་སྐྱེས་པ་མས་བུ་གཅིག་པོ་མཐོང་བ་འདྲ་བ་ཞིག་དགོས།ཡོན་ཏན་ཐམས་ཅད་ཤུགས་འབྱུང་དུ་སྐྱེས་པ་དབྱར་གྱི་ས་གཞི་ལྟ་བུ་ཞིག་དགོས།དངོས་འཛིན་གྱི་འཁྲུལ་པ་ཞིག་པ་ཆབ་རོམ་ཆུ་རུ་ཞུ་བ་འདྲ་བ་ཞིག་དགོས།ཉམ་ང་བག་ཚ་ཐམས་ཅད་དང་བྲལ་བ་སེངྒེ་གངས་ལ་འཕྱོ་བ་འདྲ་བའམ།གླང་པོ་ཆེ་ཆུ་རུ་འཇུག་པ་འདྲ་བ་ཞིག་དགོས།ཡོན་ཏན་དེ་ལྟ་བུ་འབྱུང་བ་ལ་རྟོགས་པ་ཤར་ཙམ་གྱིས་མི་ཆོག།སྤྱོད་པ་རོ་སྙོམས་ལ་སློབ་དགོས།རོ་ཡང་གཞན་སྙོམས་རྒྱུ་མི་བདོག།ཆོས་བརྒྱད་རོ་སྙོམས་དགོས་པ་ལགས།
一般而言,若是一位已证悟的瑜伽士,如同虚空一般能容得下一切利害得失;如同大地一般能撑得住一切善恶苦乐;如同小孩一般善于相处于所有男女老少当中;如同病人的枕头边放了食物一般,从内心深处对轮回生起厌恶之心;如同母亲看到独生子一般,任运发起悲悯之心;如同夏季的大地一般,一切功德自然地生起;如同冰溶入水中一般的破灭实执;如同狮子跳跃在雪山上或大象下水一般而远离一切怯惧。
要获得以上的功德,仅仅生起证悟是不够的,还要学习如何去行持一味法,而一味的并没有别的,就是要一味世间八法。
འོ་སྐོལ་ཐོག་མ་མེད་པ་ནས་དངོས་པོར་འཛིན་པ་ལ་གོམས་པས།སྒོམ་བྱུང་རྟོགས་པ་ཤར་ཟེར་ཡང་གསར་བུར་སོང་བས་དངོས་འཛིན་ལྡོག་མ་ནུས་པ་ལགས།དཔེར་ན་ཉི་མ་ཤར་མ་ཐག་མུན་པ་སངས་ཀྱང་ཆབ་རོམ་འཇུ་མ་ནུས་པ་དང་འདྲ།ཉི་མ་ཚ་ལ་རིང་བ་ཞིག་ཤར་ནས།མུན་པ་སངས་པའི་སྟེང་དུ་ཆབ་རོམ་ཡང་མ་ལུས་པར་འཇུ་བ་གདའ་བ།རྟོགས་པ་གཅིག་ཤར་ནས་དེ་ཉིད་བརྟན་པར་བྱེད་པ་ལ།ཕ་རོལ་ཏུ་ཕྱིན་པ་ནས་སྒོམ་པའི་ལམ་གསུངས།སྔགས་ནས་སྤྱོད་པའི་ཐབས་རྣམས་གསུངས།འཁྱེར་ཁ་མི་གཅིག་ཀྱང་དོན་གཅིག་པ་ལགས།རྟོགས་པ་ཤར་ནས་གདོད་བསྒོམས་པས་ཡོན་ཏན་ཐམས་ཅད་རྫོགས་པར་འབྱུང་།སྣང་བ་ཐམས་ཅད་ཆོས་སྐུར་འཆར།སངས་རྒྱས་ཞེས་བྱ་བའི་མིང་ཡང་གདོད་ཐོབ།འགྲོ་བ་གཞན་ལ་ཕན་པ་ཞིག་གདོད་འབྱུང་ངོ་།།
从无始以来,我们都串习了实执,虽然说生起了修所证悟,但还是处于初级阶段,因此无法回遮实执,即如同太阳刚生起时,虽然消除了黑暗,但无法溶化冰川一样。
如果太阳晒的非常热,而且晒的时间也长了,这不但能消除黑暗,冰川也会彻底被溶化掉。生起证悟并逐步获得定力的过程,在显宗称之为修道位,而密宗则称之为行方便法,虽然说法不一,但意义是相同的。
证悟了之后继续修行才能彻底圆满一切功德,即一切现象显现于法身,才获得了所谓的佛果,才能利益一切众生。
དེ་བས་ན་རྟོགས་པ་མ་སྐྱེས་པ་རྣམས་ཀྱིས་ཀྱང་སྐྱེ་བར་བྱེད་པའི་ཐབས་བླ་མ་ལ་གསོལ་བ་གདབ་པ།བསྙེན་བཀུར་བྱ་བ་མ་གཏོགས་པ་ཐབས་གཞན་མེད།རྟོགས་པ་སྐྱེས་པ་རྣམས་ཀྱིས་ནི་དེ་ལ་བརྟན་པ་ཐོབ་པར་བྱ།བདག་བརྒལ་ནས་སེམས་ཅན་མ་བརྒལ་བ་ཐམས་ཅད་བདག་གིས་བསྒྲལ་བར་བྱ།བདག་གྲོལ་ནས་སེམས་ཅན་མ་གྲོལ་བ་ཐམས་ཅད་དགྲོལ་བར་བྱ།བདག་དབུགས་ཕྱུང་ནས་སེམས་ཅན་དབུགས་མ་ཕྱུང་པ་ཐམས་ཅད་དབུགས་དབྱུང་བར་བྱ།བདག་ཡོངས་སུ་མྱ་ངན་ལས་འདས་ནས་སེམས་ཅན་ཐམས་ཅད་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བའི་ཐབས་ལ་མཁས་པར་བྱ།བརྩོན་པར་བྱ།ཡིད་སྐྱོ་བ་མེད་པར་བྱའོ།།
因此,尚未证悟的人,证悟的方法唯有祈祷上师,侍奉上师,除此之外无有它法,而已经证悟的人要使其心坚定。
应当善巧于“自度后令未度者一切有情皆得度;自解后令未解者一切有情皆得解;自安后令未安者一切有情皆得安;自涅槃后令未涅槃者一切有情皆得涅槃”的方法,并精进努力,毫无厌倦之心。
སྒྱུ་མས་སྒྱུ་མའི་སྐྱེས་བུ་ལ། །
གྲོས་འདེབས་སྒྱུ་མའི་ཡི་གེ་བྲིས། །
སྒྱུ་མའི་རྣམ་འཕྲུལ་དཔག་ཏུ་མེད། །
སྒྱུ་མའི་འགྲོ་ཀུན་འདྲེན་པར་ཤོག །
幻化为幻化,
劝著幻化文,
幻化身无量,
愿度幻化众。
སྤྲུལ་པས་སྤྲུལ་པའི་རྒྱལ་བ་ལ། །
སྤྲུལ་པའི་ཚོགས་གཉིས་རྫོགས་བྱས་ནས། །
སྤྲུལ་པའི་ཡོན་ཏན་རབ་རྒྱས་ཏེ། །
སྤྲུལ་པས་འགྲོ་ཀུན་འདྲེན་པར་ཤོག །
应化身为胜化身,
圆满化身二资粮。
增长应化身功德,
愿以化身度诸众。
ནམ་མཁས་ནམ་མཁའ་ལྟ་བུའི་སེམས། །
ནམ་མཁའི་ངང་ལ་དག་ནས་ཀྱང་། །
ནམ་མཁའ་གང་བའི་ཡོན་ཏན་གྱིས། །
མཁའ་མཉམ་འགྲོ་ཀུན་འདྲེན་པར་ཤོག །
虚空令如虚空心,
清净虚空境界中,
遍满虚空之功德,
愿度虚空诸众生。
སེམས་ལ་གྲོས་འདེབས་མཚང་སྐྱོན་ཐམས་ཅད་ཡུལ་ནས་འབྱིན་པར་བྱེད་པ།རང་སྐྱོན་ལྟ་བའི་མེ་ལོང་ཞེས་བྱ་བ།སྒྲགས་ཡང་རྫོང་ཤེལ་གྱི་བྲག་ཕུག་ཏུ་ལྡོམ་བུའི་རྣལ་འབྱོར་གླིང་རས་པས་བཀོད་པ་རྫོགས་སོ།།འགྲོ་བ་ལ་ཕན་ཐོགས་པར་གྱུར་ཅིག།རང་གྲོས་ཐེབས་པར་གྱུར་ཅིག།རང་སེམས་མཐོང་བར་གྱུར་ཅིག།སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཐོབ་པར་གྱུར་ཅིག།།།
于心劝戒彻底揭发一切过失之《照鉴自我过失之明镜》,由瑜伽行乞者岭钦日巴圆满著作于扎央宗水晶洞(溶洞)。
祈愿能利益众生,祈愿能劝诫自我,祈愿能见得自心,祈愿一切众生皆能获得圆满佛果。
2021年12月由古普·钦哲翻译,陈润泽居士和朱红霞居士校对汉文。愿一切吉祥!