Skip to content

༈ རྗེ་ལྷ་རྩེ་བའི་གསུང་མགུར།

拉泽瓦尊者道歌

拉泽瓦尊者

ལེགས་བྱས་བསོད་ནམས་ལ་འབད་པས།། དལ་འབྱོར་སྐྱོན་མེད་དང་མཇལ་བྱུང་།།
འཁོར་བ་སྡུག་བསྔལ་དུ་གོ་ནས།། དམ་པའི་ལྷ་ཆོས་ལ་ཆས་སོང་།།

精勤积德行善故 今得暇满人身宝
认识轮回诸痛苦 前往修学胜妙法

ངེས་འབྱུང་སྐྱོ་ཤས་ཀྱིས་བསྐུལ་བས།། བསྟན་རྩ་སོ་ཐར་དང་མཇལ་བྱུང་།།
འགྲོ་དྲུག་ཕ་མ་རུ་གོ་ནས།། ཐེག་ཆེན་སེམས་བསྐྱེད་ལ་ཞུགས་སོང་།།

出离哀伤所策励 直遇别别解脱法
六道众生为父母 进入大乘菩提行

ལམ་མཁན་ཕྱོགས་མེད་དུ་བཙལ་བས། ཀུན་མཁྱེན་འབྲུག་པ་དང་མཇལ་བྱུང་།།
ཉམས་ལེན་མོས་གུས་སུ་གོ་ནས།། གཅིག་ཤེས་ཀུན་གྲོལ་དེ་ལོན་སོང་།།

四方寻找引导师 遇见遍智竹巴尊
了知修行即虔敬 取得一懂悉解脱

དྭགས་པོའི་ཁྱད་ཆོས་ལ་འབད་པས།། རྒྱུད་སྡེའི་ཁོང་སྙིང་དང་མཇལ་བྱུང་།།
དབང་བཞི་གདམས་ངག་ཏུ་གོ་ནས།། མཁའ་འགྲོའི་སྙན་རྒྱུད་དེ་ཐོབ་སོང་།།

精勤达波差别法 得见密续心要义
得知四灌即窍诀 得闻空行母耳传

ཡེངས་མེད་དྲན་པ་ལ་འབད་པས། བདེ་གསལ་ཉམས་མྱོང་དང་མཇལ་བྱུང་།།
འགྱུ་བྱེད་རྩ་བྲལ་དུ་གོ་ནས། དྲན་ཡེངས་མེད་པ་ཞིག་ལོན་སོང་།།

精勤无散正念定 得见乐明无念受
了悟寻思本无根 得获无散正念心

主页