Skip to content

༈ རྒྱལ་བ་རྒོད་ཚང་པའི་ཞལ་གདམས།

嘉瓦郭仓巴言教

嘉瓦郭仓巴

དེ་ལ་རི་ཁྲོད་ལ་འགྲོ་ཙམ་ན།བསམ་པ་ལ་འདི་འདྲ་ཡོང་།ང་རི་ཁྲོད་ལ་ཕྱིན་ལ་གཞན་པས་ཇོ་བོ་བཟང་བ་གཅིག་བྱ།ལྷག་པར་མགོ་ཐོན་པ་ཅིག་བྱ་སྙམ་ནས།ཆོས་བརྒྱད་ཀྱི་ཆགས་པས་ཀུན་ནས་བསླངས་པས།ནང་གི་བསམ་པའི་རྟེན་འབྲེལ་འཆུགས་པ་ཡིན་པས།རི་ཁྲོད་དུ་ཕྱིན་ཡང་དགེ་སྦྱོར་འཕེལ་པོ་མི་ཡོང་བ་ཡིན།འགྲན་སེམས་ཞེ་སྡང་གིས་ཀུན་ནས་བླངས།གཞན་ལ་ཁྱད་དུ་བསད་ནས་རི་ཁྲོད་བྱས་ཀྱང་དགེ་སྦྱོར་འཕེལ་པོ་མི་ཡོང་།རི་ཁྲོད་དེར་ཡང་གཞན་གྱི་བརྙས་བཅོས་བྱེད་པ་ཅིག་ཡོང་ངོ་།།ང་བས་ཐུ་བ་ངན་པས་ཀྱང་ཕྱིན་ན་སྙམ།ང་རྒྱལ་དང་གོང་དུ་ཤོར་གྱི་དོགས་པ་ལ་སོགས་པས་རི་ཁྲོད་ལ་ཕྱིན་པར་སོང་ན།བསམ་པའི་རྟེན་འབྲེལ་འཆུགས་ནས་མེད་པས།རི་ཁྲོད་བྱས་ཀྱང་དགེ་སྦྱོར་འཕེལ་པོ་མི་ཡོང་བ་ཡིན།བསམ་པ་དེ་འདྲ་ངེད་རང་རི་ཁྲོད་ལ་འགྲོ་བ་རྣམས་ལ་ཡོང་ཉེན་ཡོད་དོ།།དེ་བྱུང་ན་དང་པོ་ནང་གི་བསམ་པ་འཆུགས་པས་མི་འདོད་པའི་འབྲས་བུ་བར་ཆད་ཡོང་།

修行人隐居山中时,也会出现放不下世间八法的现象。比如说,当自己在山中修行,就想做一个比别人更好及被他人恭敬的行者。假如你有这样的动机,即便隐居寂静处,装模作样修行,也不会有什么实际成就。

因嗔恨、傲慢、攀比、嫉妒之心,担心别人超越自己,患得患失,这完全是与修法背道而驰。你所住的地方会因此变成他人攻击的目标。我们修行人当中有可能出现这样不如法的行为和动机,如果有如此类似的预兆,说明我们的心态上出了问题,由此将会遇到很多违缘和障碍。

དེ་ནས་གྲོགས་པོ་དང་འགྲོགས་པའི་དུས་ན་ཡང་།འདི་ལྟར་དགོས་པ་ཡིན།རང་དང་འགྲོགས་པ་དེ་ལ་ང་རྒྱལ་དང་ཕྲག་དོག་མེད་པར་བྱས།ཐམས་ཅད་སྤྱི་བོར་བཀུར་བས་འགྲོགས་པ་ཅིག་དགོས།དེ་ལྟར་མ་བྱས་ན་མི་ཡོང་།ཁྱད་པར་དུ་གྲྭ་ས་མི་གཅིག་པ་ཅིག་དང་འགྲོགས་ན།དང་པོ་བླ་མའི་ང་རྒྱལ་བྱེད་དུ་འོང་།ང་རང་གི་བླ་མ་བཟང་པོ་ཅིག་ཡིན་སྙམ་པ་ཅིག་ཁོག་ཏུ་བཅུག་ནས་ཡོང་།དེར་བླ་མ་གཞན་ཤུགས་ལ་ཁྱད་དུ་བསད་པས་དེ་ཀ་རང་དུ་རྟེན་འབྲེལ་འཆུགས་པ་ཡིན།དེ་བཞིན་དུ་གདམས་ངག་ཀུན་ཀྱང་ང་རང་གི་ཟབ་སྙམ་ཙ་ན་ཕ་གི་ཁྱད་དུ་གསོད།བླ་མ་དང་ཆོས་ལ་ཁྱད་དུ་གསོད་པས་རྟེན་འབྲེལ་འཆུགས་པ་ཡིན།དེས་ན་བླ་མ་ཐམས་ཅད་སངས་རྒྱས་ཡིན་སྙམ་པ་དང་།ཆོས་དང་གདམས་ངག་ཐམས་ཅད་ལ་རྗེས་སུ་ཡི་རང་ཕུལ་ལ་ང་རྒྱལ་མེད་པར་བྱ།བླ་མ་བཟང་ན་ནི་སློབ་མའི་ཉོན་མོངས་པ་ཐུལ་བ་ཅིག་ཡོང་བ་ཡིན།ང་རྒྱལ་ཐུལ་བ་ཅིག་ཡོང་བ་ཡིན།

我们与金刚道友相处时,应当对所有的金刚道友恭敬顶戴,绝不能有嫉妒和傲慢之心。尤其是与其他教派的信徒相处时,是很容易生起上师慢的,比如,认为我的上师比别人的上师更为优秀等等,若有这样的念头,你就漠视了其他上师。

同样的,如果认为自己的传承和窍诀更为殊胜,就表示了其他传承和窍诀不殊胜。这种自赞毁他的行为是不好的缘起,极不如法的。因此,修行人应当放下傲慢与偏见,对所有的上师视如真佛,一视同仁,对所有的传承和法教也应当随喜并学习。如果你的上师真的那么优秀,其弟子的贪、嗔、痴、慢、疑也应该有所调服的。

ཡང་ཆོས་ཟབ་མོའི་དགོས་པ་དེ་ནི་རྒྱུད་ལ་ཡོན་ཏན་སྐྱེ་བ་ཅིག་དགོས་པ་ཡིན།ཡོན་ཏན་བྱ་བ་དེ་གང་ཡིན་ན།ཉོན་མོངས་པ་དང་ང་རྒྱལ་ཆོམས་པ་དེ་ཡིན་པ་ལ།ལག་ལེན་མ་ཤེས་པ་ཡིན།ཡང་རང་གི་ཉམས་ལེན་གྱིས་ཀྱང་ང་རྒྱལ་བྱེད་དུ་ཡོང་།ཉམས་ཀྱི་བན་བུན་གྱིས་བཏེགས་པའི་གོ་ཡུལ་ལ་རྟོགས་པར་བཟུང་།ང་རང་བཟང་པོ་ཅིག་ཡིན་སྙམ་པའི་ང་རྒྱལ་སྤོམ་ཡོར་རེ་བྱེད།གཞན་ལ་རྟོགས་པ་མེད་པ་ཡིན་སྙམ་ནས།དེའི་ང་རྒྱལ་གྱིས་ཕ་གི་ཁྱད་དུ་བསད་ནས་རྟེན་འབྲེལ་གཅིག་དེ་ཀ་རང་དུ་འཆུགས་པ་ཡིན།ལར་ཡང་རང་བཟང་པོ་ཅིག་ཡིན་སྙམ་ན་གཞན་ངན་པ་ཅིག་ཤུགས་ལ་ཡོང་།ང་རང་རྟོགས་པ་ཅིག་ཡིན་སྙམ་ན་གཞན་མ་རྟོགས་པ་ཅིག་ཤུགས་ལ་ཡོང་།ང་རང་མཁས་སྙམ་ན་གཞན་མི་མཁས་པ་ཅིག་ཤུགས་ལ་ཡོང་།རང་བཙུན་སྙམ་ན་གཞན་མི་བཙུན་པ་ཅིག་ཤུགས་ལ་ཡོང་།དེར་གཞན་ཤུགས་ཀྱིས་ཁྱད་དུ་བསད་པས་ང་རྒྱལ་དང་ཁྱད་གསོད་ཀྱི་ལས་བསགས།དགེ་སྦྱོར་འཕེལ་བ་དང་ཡོན་ཏན་སྐྱེ་མི་སྲིད།དེ་བས་རང་དམན་ས་བཟུང་།ཐམས་ཅད་སྤྱི་བོར་འཁུར་བ་ཅིག་དགོས།

你修的法是否殊胜,要看你的相续中有没有生起真实功德。那何谓真实功德?贪、嗔、痴、慢、疑等烦恼被调服了就是真实功德。

如果修行者尚未调服自心,反而会因修行生起傲慢心,比如,把觉受当成证悟,觉得自己已是证悟的人,高人一等。同时轻视别人,认为别人是尚未证悟的人等等,若有这样的念头,就是不如法的。

总而言之,如果觉得自己是好的,就表示了别人不好;如果觉得自己是证悟者,就表示了别人不是证悟者;如果觉得自己是智者,就表示了别人不是智者;如果觉得自己是行者,就表示了别人不是行者。总是看不见他人功德的人,其相续中不会增长善根和真实功德。因此,修行者应当身居低位,顶戴所有的人,要懂得随喜他人功德。

དེ་བས་རི་ཁྲོད་དམ།ད་ལྟ་དགེ་སྦྱོར་བྱེད་པའི་དུས་ན་ཡང་ཕ་གི་ལོགས་ན་དགེ་སྦྱོར་འཕེལ་བ་དེ་བས་ངས་རེམ་པ་ཅིག་བྱ་སྙམ་འགྲན་སེམས་བྱེད།མི་རེམ་པ་ལ་ཁྱད་དུ་གསོད་ན་ལག་ལེན་མ་ཤེས་པ་ཡིན་པས།དགེ་སྦྱོར་བྱེད་པ་ཐམས་ཅད་ངོ་མཚར་ཆེ་སྙམ་པ་བྱས་ལ་རྗེས་སུ་ཡི་རང་དབུལ།དེ་ལྟར་མ་བྱས་ན་ཕྲག་དོག་འགྲན་སེམས་ཞུགས་དོགས་ཡོད།དེས་ན་གམ་ན་གཞན་རེམ་པ་ཅིག་བྱུང་།རང་རེས་མི་ནུས་ན།ཁོས་དགེ་སྦྱོར་ནུས་ཏེ།ངས་མ་ནུས་སྙམ་པའི་བློ་མི་བདེ་བ་བྱུང་ན་ཕྲག་དོག་ཏུ་སོང་བ་ཡིན་པས་རང་རེས་མ་ནུས་པ་དེ་ཉལ་ནས་བསྡད།ཁོ་དགེ་སྦྱོར་བྱེད་པ་དེ་ལ་རྗེས་སུ་ཡི་རང་ཕུལ་ན་བསོད་ནམས་མཉམ་པོར་ཡོང་བ་ཡིན།

无论你住在山中寂静处,还是在日常生活中,当你听到某某同修有所成就时,如果心里产生了对此比较的念头,你要知晓,这便是错误的想法,不如法的。

我们应当要随喜并赞叹所有的修行人,若不这样,很容易产生嫉妒和攀比之心。比如说,当你看到周边某同修已获得成就,而自己却没有什么成绩时,若你看不惯或者产生了不愉快的心情,这就是你的嫉妒心所带来的过患。

此时,若能随喜这同修的成就,你自己也能够获得相等的福报。

主页