Skip to content

༄༅། །རྒྱུད་ལྡན་བླ་མའི་ཞལ་གདམས། །

具德上师之言教

阿德仁波切

ཚད་མེད་མཁྱེན་པའི་ཀུན་གསལ་ཡངས་པར། །
བརྩེ་ཆེན་ཐུགས་རྗེའི་འོད་སྟོང་འཛུམ་གྱིས། །
བདག་བློའི་པདྨོ་གྲོལ་བའི་གཉེན་གཅིག །
དཔལ་མགོན་བླ་མས་རྟག་ཏུ་སྐྱོངས་ཤིག །

无量智慧虚空中,
大慈大悲日千照 ,
展开我心莲花者,
祈请上师常摄受。

ཨེ་མ་སྔོན་བསགས་བསོད་ནམས་སྟོབས་ལས། །
དམ་ཆོས་སྣོད་རུང་དལ་འབྱོར་བུམ་བཟང་། །
མི་དགེའི་དུག་ཆུས་སྦགས་པར་ཕངས་པས། །
ཚོགས་གཉིས་བདུད་རྩིས་གཏམས་པར་མཛོད་ཅིག །

奇哉!
过去福德力所得,
妙法之器暇满瓶,
恶毒水污真可惜,
当填资粮甘露水。

རྙེད་དཀའ་འཇིག་སླའི་འདུས་བྱས་ཆོས་ཉིད། །
འདོད་པའི་ལོངས་སྤྱོད་སྒྱུ་མའི་བསླུ་བྲིད། །
བྱས་པས་ཟིན་མེད་འཁོར་བའི་བྱ་བཞག །
སྙིང་པོས་ཡོངས་སུ་བཏང་བར་སོམས་ཤིག །

难得易灭有为性,
享受妙欲虚幻惑,
做则不了轮回事,
当思无所实义理。

ཉེས་བརྒྱས་གཏམས་པ་འཁོར་བའི་བཙོན་རར། །
སྡུག་བསྔལ་གསུམ་གྱི་རྦ་ལ་གཡེང་བའི། །
འཇིག་ཆེན་འདི་ལས་སྐྱོབས་པའི་ནུས་ལྡན། །
རིན་ཆེན་གསུམ་ལས་གཞན་དུ་མ་དམིགས། །

百般过患轮回牢,
迷乱三种痛苦之,
大难当中能救者,
当知唯有佛法僧。

ནམ་ཡང་ཆུད་མི་གསོན་པའི་ལས་འབྲས། །
དཀར་ནག་རྗེས་སུ་འབྲང་བར་ངེས་པས། །
སྤངས་བླངས་ཕྲ་ཞིབ་དྲན་ཤེས་བརྟན་པས། །
ལྷག་པའི་བསམ་པ་འབྲལ་མེད་མཛོད་ཅིག །

始终不虚业因果,
定会随着黑白业,
细心取舍依正念,
应当常怀增上意。

བསོད་ནམས་བྱེ་བས་མགྲོན་དུ་ཁུག་པའི། །
མཚན་ལྡན་བཤེས་གཉེན་དཔག་བསམ་ལྗོན་དབང་། །
བྱིན་རླབས་གྲིབ་བསིལ་འཁོར་བའི་གདུང་སེལ། །
རྣམ་གསུམ་གཙང་མས་རྟག་ཏུ་བསྙེན་འཚལ། །

千万福德力所得,
胜善知识如意树,
加持凉除轮回热,
应以三门而亲近。

ཚུལ་དང་ཚུལ་མིན་རྣམ་པར་དབྱེ་ཞིང་། །
ལམ་དང་ལམ་མིན་ལེགས་པར་འདོམས་པའི། །
ལེགས་གསུང་དམ་ཆོས་རྒྱུད་མང་དབྱངས་སྙན། །
ཐོས་འཛིན་བཅུད་དུ་ལེན་པར་མཛོད་ཅིག །

分辨有理与非理,
抉择正道和歪道,
善说妙法琴音声,
当受耳根之滋养。

གདམས་ཟབ་ནོར་མཆོག་ཀེ་ཏ་ཀ་ཡིས། །
བདག་བློའི་ཉོན་མོངས་བག་ཆགས་རྙོག་མ། །
ལེགས་པར་བསྒྲུངས་པའི་དཔལ་དུ་བསྲེལ་ནས། །
ཀུན་གཞིའི་ཆུ་མཚོ་དྭངས་པར་མཛོད་ཅིག །

以甚窍诀浄水珠,
自心烦恼习气浊,
加以净化且去除,
当净阿赖耶湖水。

རྣམ་རྟོག་སྔ་ཕྱིའི་བར་གྱི་སོ་མཚམས། །
ཡེ་ཤེས་རྒྱུན་དུ་འཆར་བར་གསུངས་པ། །
གདམས་ཟབ་གནད་བྲལ་རང་བབ་བཞག་ན། །
ཀུན་གཞིའི་གཡའ་དང་བྲལ་མི་བཏུབ་པས། །

前后分别心中间,
佛曰常常生智慧,
若无要诀而放松,
阿赖耶垢无法除,

གསལ་རིག་རྟོག་མེད་ལུང་མ་བསྟན་གྱི། །
རྨོངས་ཆའི་དྲི་མ་སེལ་བའི་སྨན་མཆོག །
དྭངས་གསལ་ངར་ལྡན་རིག་པའི་བདུད་རྩིས། །
འཛིན་ཞེན་གཏད་སོའི་ནད་ཀུན་གཞིག་འཚལ། །

明智无缘无记之,
愚垢消除之妙药,
清晰明亮智甘露,
当祛贪执缘诸病。

གནས་ཆའི་སྙིགས་དང་འགྱུ་བའི་རླབས་བྲལ། །
རིག་པ་རང་བྱུང་རང་གསལ་མེ་ལོང་། །
རྟོགས་པའི་གཟུགས་བརྙན་ཅིར་ཤར་རྗེས་མེད། །
རང་དག་རང་ངོ་ཤེས་པ་གང་དེ། །

远离静沉与动波,
明智自然自显镜,
所现分别像无迹,
了知本来清净面,

ལྷན་སྐྱེས་ཡེ་ཤེས་རྒྱལ་པོའི་རང་ཞལ། །
ཡེ་ནས་རང་ཆས་བཞུགས་པའི་ངོ་བོ། །
རྟོག་པའི་རྐྱེན་དང་འཛིན་པའི་རྒྱ་ཡིས། །
མ་བསླད་མངོན་སུམ་མཇལ་བ་ཉིད་དོ། །

即是俱生智本面,
亦即本具之自性,
分别缘与执着网,
未染现量得见也。

སེམས་ལས་འདས་པའི་ཀུན་ཤེས་ཀུན་རིག །
འགག་མེད་རང་བབ་རིག་པའི་རང་རྩལ། །
རོལ་པར་ཤར་བ་སྒྱུ་མ་ལྟ་བུའི། །
ཡེ་ཤེས་ལྔ་ལྡན་ལྷ་ཡི་རྣམ་པར། །

离心全知与全见,
不灭自然明智力,
显于游舞如幻之,
具备五智之佛相,

འཛིན་བྲལ་རང་གསལ་ཤར་བའི་བསྐྱེད་རིམ། །
ཐེར་ཟུག་མིན་པར་རིག་པའི་མདངས་ལས། །
མ་གཡོས་བཞིན་དུ་ཤར་བ་དེ་ལ། །
བསྐྱེད་རྫོགས་ཟུང་དུ་འཇུག་པ་ཞེས་བྱ། །

离执自明之生次,
不定明智心境中,
如如不动而显现,
即称双运生圆次。

ཡེ་ཤེས་སྙིང་པོར་བྲལ་བའི་བསྐྱེད་རིམ། །
ལྷ་སྒོམ་འདྲེ་རུ་ལོག་པའི་རྒྱུ་རུ། །
གསུང་བཞིན་བྱང་ཆུབ་རྒྱུར་མི་སྨིན་པས། །
རང་རྒྱུད་གོལ་བའི་ངལ་བ་མ་བརྟེན། །

远离智慧之生次,
观佛便是着魔因,
且称不熟菩提因,
故而心续不徒劳。

ཇི་སྲིད་སེམས་ལས་འདས་པའི་ཡེ་ཤེས། །
རྩལ་རྫོགས་དོན་དམ་གདེངས་ཆེན་བརྙེས་པ། །
དེ་སྲིད་ཀུན་རྫོབ་བདེན་པ་བསླུ་མེད། །
བསོད་ནམས་ཚོགས་ཆེན་བསགས་ལ་འབད་འཚལ། །

远离意识之智慧,
直至圆满胜义谛,
仍然不虚世俗谛,
故当精进积福德。

ཟག་བཅས་དགེ་བའི་དངོས་པོ་མཐའ་དག །
ཟག་མེད་ཡེ་ཤེས་རྩི་ཡིས་ཟིན་ཚེ། །
དམིགས་མེད་ཡེ་ཤེས་ཚོགས་ཆེན་འབྲས་བུ། །
སྐུ་བཞི་ལག་རྩེར་སོན་པ་ཉིད་དོ། །

一切有漏之善法,
无漏智慧被摄时,
无缘智慧资粮果,
四身果位已掌握。

རྣམ་ཀུན་སེམས་ཀྱི་གླང་ཆེན་མྱོས་པ། །
བག་ཡོད་དྲན་རྫིའི་ལྕགས་ཀྱུས་བཏུལ་ཏེ། །
ཤེས་བཞིན་ཀ་བ་བརྟན་པོར་འདོགས་ན། །
བྱང་སར་བགྲོད་ལ་བཞོན་པའི་མཆོག་ལགས། །

时刻自心迷醉象,
正知观照钩驯服,
束于正念柱子上,
则是前往菩提骑。

ལམ་གྱི་སྙིང་པོ་བླ་མའི་མོས་གུས། །
ཆོས་ཀྱི་སྙིང་པོ་གཞན་ཕན་བྱང་སེམས། །
གདམས་ངག་སྙིང་པོ་མ་ཡེངས་དྲན་པ། །
སྤྱོད་ལམ་སྙིང་པོ་རྒྱུ་འབྲས་བག་ཡོད། །

恭敬上师道之要,
慈悲菩提法之要,
无散正念诀之要,
取舍因果行之要。

སྙིང་པོ་བཞི་ཡི་བཅུད་ཀྱིས་ལྕི་ཞིང་། །
རྣམ་དཀར་ལྷག་བསམ་བསུང་ཞིམ་ངད་ལྡང་། །
ཚིག་སྦྱོར་འདབ་བརྒྱ་མཛེས་པའི་པདྨོ། །
སྐལ་བཟང་རྣ་བའི་རྒྱན་དུ་ལོངས་ཤིག །

具有四种之精华,
真诚增上之劝诫,
展开百瓣之词花,
应用有缘耳庄严。

དེ་སྐད་མཚན་ལྡན་བླ་མའི་ཞལ་ཆབ།།
བདག་བློའི་བུམ་བཟང་བཅུད་དུ་བསྐྱིལ་ལས།།
དོན་བཟང་ཟིག་མ་ཅུང་ཟད་འཐོར་འདི།།
དད་བཙོན་ཀུན་དའི་འཛུམ་དཀར་གྲོལ་བ།།

俱德上师教言露,
积满自心之妙瓶,
散发善妙许水花,
盛开信勤白莲花。

བཙུན་མ་ཚེ་རིང་སྒྲོན་དཀར་བསྐུལ་ངོར།།
འཁྲུལ་ཞིག་བརྒྱད་པ་གྲུབ་རིགས་མིང་གིས།།
བྲིས་པའི་དགེ་བས་རྣམ་གྲོལ་གླིང་དུ།།
གཏན་བདེའི་དགའ་སྟོན་དཔལ་དུ་གྱུར་ཅིག།

尼师才仁卓嘎请,
八世持修仲惹名,
愿以撰写此善根,
证得圆满解脱洲。

古普·钦哲译,陈润泽居士校对汉文。愿一切吉祥!

主页