Skip to content

༈ ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར་ལས་བྱུང་བའི་གླུ།

竹巴衮列自传之歌

竹巴·衮嘎列巴

ཡང་མོན་བུམ་ཐང་ལ་ཕྱིན་པས།

再次到了门布塘

མོན་པའི་བུ་མོ་འགའ་རེས་གླུ་འདི་འདྲས་བཏང་བྱུང་ངོ་།།

一些门巴女子唱出此歌:

ཤོ་ནི་ལ་ཡི་ཤོ་འོ་ལ་ཡི་ཤོ་འོ་ལ་ཡི་ཤོ་འོ།།

晓呢拉耶晓沃拉耶晓沃拉耶晓沃!

ལ་ཡོ་ལ་མོ་ལཱ་ཡོ་ཡཱ།

拉妖拉莫拉妖亚!

གསེར་གྱི་མཆོད་རྟེན་བརྒྱ་རྩ་བརྒྱད།།

一百零八金佛塔,

སངས་རྒྱས་ཐུགས་ཀྱི་རྟེན་ཡིན་པ།།

即是佛之意所依,

དེ་འདྲའི་མཚོན་བྱེད་མ་ཤེས་པར།།

尚不明了其表法,

ངས་ནི་འབུམ་པའི་གཟུགས་སུ་བལྟས།།

可我视为塔形状,

ཆོས་སྐུ་གཟུགས་སུ་བལྟས་པ་མཐོལ་ལོ་བཤགས།།

忏悔法身视形状。

ཤོག་སྔོན་ལོགས་ལ་གསེར་གྱིས་བྲིས།།

金字写在蓝纸上,

སངས་རྒྱས་གསུང་གི་རྟེན་ཡིན་པ།།

即是佛之语所依,

སངས་རྒྱས་གསུང་དུ་མ་ཤེས་པས།།

尚不明了为佛语,

ངས་ནི་ཡི་གེའི་གཟུགས་སུ་བལྟས།།

可我视为文字相,

བརྗོད་མེད་སྒྲ་རུ་བཟུང་བ་མཐོལ་ལོ་བཤགས།།

忏悔无言执为音。

མཚན་དང་ལྡན་པའི་བླ་མ་རྣམས།།

所有具德真上师,

སངས་རྒྱས་འདུས་པའི་སྐུ་ཡིན་པ།།

即是诸佛总集身,

ངས་ནི་མི་ཡི་གཟུགས་སུ་བལྟས།།

可我视为凡人相,

བླ་མ་ཐ་མལ་བལྟས་པ་མཐོལ་ལོ་བཤགས།།

忏悔视师为凡夫,

འགག་མེད་སྣང་བ་སྣ་ཚོགས་འདི།།

不灭种种此现象,

སྟོང་པ་ཉིད་དང་ལྷན་ཅིག་སྐྱེས།།

即是与空性俱生,

རང་ལ་ཡོད་པ་མ་ཤེས་པར།།

尚不明了己拥有,

ངས་ནི་ཟབ་ཟབ་གཞན་ནས་བཙལ།།

可我他处觅甚深,

འབྲས་བུ་རང་ངོ་མ་ཤེས་མཐོལ་ལོ་བཤགས།།

忏悔未知果本质。

ཧྲིག་གེ་བཞག་པའི་འཁྲུལ་མེད་འདི།།

安住自然无乱心,

དམིགས་པ་མེད་པའི་སྒོམ་ཡིན་པ།།

即是无缘之禅定,

རྟོག་དང་མི་རྟོག་དབྱེར་མེད་ལ།།

于有缘无缘无别,

ངས་ནི་རྟོག་པ་ཆེད་དུ་བཀག།

可我特意止念头,

མི་རྟོག་བློ་ཡིས་བཅོས་པ་མཐོལ་ལོ་བཤགས།།

忏悔由心造无缘。

མི་རྟག་སྒྱུ་མའི་ཆོས་རྣམས་ནི།།

一切无常幻化法,

དང་པོ་ཉིད་ནས་བསླུ་བྱེད་པ།།

本来就是虚幻性,

རྒྱུན་དུ་བདེན་པར་བཟུང་ནས་ནི།།

恒常执着为真实,

ངས་ནི་སྐད་སྐད་ཀྲིག་ཀྲིག་བྱས།།

可我迷乱于其中,

བརྫུན་ལ་བདེན་པར་བཟུང་བ་མཐོལ་ལོ་བཤགས།།

忏悔执持虚为真。

དམ་པའི་ཆོས་དང་འཇིག་རྟེན་གཉིས།།

佛法与世间之法,

དང་ནས་འགལ་བར་མ་ཤེས་པར།།

不知本来即矛盾,

ངས་ནི་མདུན་མ་གཉིས་འཁྲིད་བྱས།།

可我两者均引导,

གཉིས་ཀ་མེད་པ་མཐོལ་ལོ་བཤགས།།

忏悔两者皆无有。

ཆོས་ཀྱི་རྩ་བ་བྱང་ཆུབ་སེམས།།

佛法根本菩提心,

སངས་རྒྱས་སྒྲུབ་ན་དེ་དགོས་རྒྱུར།།

修证佛果不可缺,

ངས་ནི་ཟབ་ཟབ་མང་པོ་བསླབས།།

可我反学甚深理,

ལུས་སེམས་ངལ་བ་མཐོལ་ལོ་བཤགས།།

忏悔身心致疲惫。

ཚོགས་གཉིས་ཤིང་རྟའི་འཁོར་ལོ་འདི།།

福慧资粮之车轮,

སྨོན་ལམ་སྟབས་ཀྱིས་བསྒྱུར་རྒྱུ་ལ།།

应以发愿力转变,

ངས་ནི་དགེ་རྩ་རང་གར་བཏང་།།

可我浪费其善根,

དགེ་བ་བྱང་ཆུབ་མ་བསྔོས་མཐོལ་ལོ་བཤགས།།

忏悔未回向菩提。

ཟེར་ནས་གླུ་བཏང་བྱུང་བས། ལེགས་པོ་འདུག་པས་བྲིས་པ་ཡིན།

在唱出此道歌后,
觉得非常殊胜,
因此做了笔录。

古普·钦哲译,陈润泽居士和朱红霞居士校对汉文。

主页