Skip to content

༈ རྡོ་རྗེ་འཆང་ལྷ་རྩེ་བ་ངག་དབང་བཟང་པོའི་དམ་བཅའ་བཅུ་གཉིས།

金刚持拉泽瓦昂旺桑波十二誓言

金刚持拉泽瓦·昂旺桑波

༡༽འདི་ཕྱིར་འདུན་མ་ལེགས་ཉེས་ཅི་བྱུང་ཡང་བླ་མ་དང་དཀོན་མཆོག་མ་གཏོགས་གཞན་ལ་ཆེད་གཉེར་གྱིས་མི་རེ་བ།

1、不管命运如何,今生与来世除了上师三宝以外,绝不特意依靠其他人。

༢༽བྱ་བའི་གཙོ་བོར་བླ་མས་ཅི་གསུང་གི་བཀའ་སྒྲུབ་པ།

2、上师教诲为首要事情,而依教奉行。

༣༽ལྷག་པའི་བསམ་པ་ལ་བསྐུལ་བའི་མདོ་ལས་གསུངས་པའི་གཉིད་ཀྱི་ཉེས་པ་ཉི་ཤུ་སྤང་ཕྱིར་སྔས་སྤང་བ།

3、为了断除《曾上意乐经》中所说,二十种睡眠之过患,而从不入眠。

༤༽ལངྐར་གཤེགས་པའི་མདོ་ལས་ཤ་ཟ་བའི་ཉེས་པ་མང་དུ་གསུངས་པ་སྤང་ཕྱིར་འཚོ་བ་སྡོར་དཀར་བྱེད་པ།

4、为了断除《八楞伽经》中所说,食肉之众多过患,以素食糌粑糊来维持生活。

༥༽སྒྲུབ་རྒྱགས་དང་ཉེར་མཁོའི་ཡོ་བྱད་བག་ཙམ་ལས་ལྷག་པའི་ནོར་རྫས་བདག་གིར་མི་འཛིན་པ།

5、除了修行的口粮和少许生活品之外,绝不贪着任何财物。

༦༽ཀུན་གོང་དུ་ཁུར་བའི་ལྷག་བསམ་གྱིས་རྟ་ཡི་བཞོན་པ་མི་ཞོན་པ།

6、由于恭敬之意乐,故而从不骑马。

༧༽ཆོས་པ་སྤྱི་ཡི་སྐྱོན་ནས་མི་བརྗོད་པ།

7、不说其他任何修行人过失。

༨༽གནོད་ལེན་དུ་ཕན་གདགས་པ།

8、对于仇人,以德报怨。

༩༽ཞག་རེ་བཞིན་ཆོས་སྤྱོད་ཀྱི་དགེ་བ་ཅི་ལྕོགས་བྱེད་པ།

9、每天尽力行持善法。

༡༠༽རང་ཐོག་ཏུ་གནམ་ས་བླ་འོག་འགྱུར་ཀྱང་སྡུག་བསྔལ་མི་བྱེད་པ།

10、即使于自己已天翻地覆,也绝不自寻苦恼。

༡༡༽རྒས་ཀྱིན་རི་ཁྲོད་ཇེ་མཐོར་གཏོང་བ།

11、自己越衰老越定居于高山寂静处。

༡༢༽ཐུན་ཞབས་ཐམས་ཅད་དུ་བསྔོ་སྨོན་གྱིས་རྒྱས་འདེབས་པ་དང་བཅུ་གཉིས་ཁྲིགས་སུ་ཚུད་པར་མཛད་པ་ཇི་སྲིད་འཚོའི་བར་དུ་མཐར་ཕྱིན་པའོ།།

12、每当于座间进行发愿和回向,并且十二条(誓言)有序地做到今生今世。

主页