Appearance
Appearance
༄༅། །རིན་པོ་ཆེ་གཙང་པ་རྒྱ་རས་པའི་ཚོགས་ཆོས་མནོ་འཁོར་རིན་ཆེན་འཕྲེང་བ་བཞུགས་སོ།།
思得宝鬘论
法王藏巴甲热
ཨོཾ་སྭསྟི།
དཔལ་ལྡན་འགྲོ་བའི་མགོན་པོ་ལ། །སྒོ་གསུམ་དང་བས་ཕྱག་འཚལ་འདུད། །
རྗེ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །བཞུགས་ནས་བྱིན་གྱིས་བརླབ་ཏུ་གསོལ། །
ཆོས་རྗེ་བླ་མ་རིན་ཆེན་གྱིས། །གསུང་སྒྲོས་རིན་ཆེན་འཕྲེང་བ་འདི། །
རྗེས་འཇུག་མོས་པའི་གང་ཟག་ལ། །གསུང་ལ་ཚད་མར་འཛིན་པ་ཡི། །
དོན་དུ་ཡི་གེར་དགོད་པར་བྱ།།
翁唆德!
具德众生怙,
三门净顶礼,
请尊住顶严,
祈求赐加持。
法王上师宝,
教言宝鬘论,
当依法准则,
吾为诸弟子,
撰写于文献。
རྗེ་རིན་པོ་ཆེ་སངས་རྒྱས་གཙང་པ་རྒྱ་རས་པའི་ཞལ་ནས།ཐར་པ་དོན་དུ་གཉེར་བ་ལ།བླ་མ་མཚན་ཉིད་དང་ལྡན་པ་ཞིག་དགོས་ཏེ།དེ་ཡང་རྟོགས་པས་ཕུ་ཐག་ཆོད་པ།སྙིང་རྗེས་བདེ་སྡུག་བརྗེ་ནུས་པ།འབྲེལ་ཚད་དོན་དང་ལྡན་པ།དེ་ཚོ་དང་ལྡན་ན་བླ་མ་བཏུབ་གསུངས་སོ།།དེ་མ་ཡིན་པ་རང་རེ་ཆོས་བཞིན་བྱེད་ཅིང་།གཞན་ལ་ཆོས་མིན་མི་སློབ་པ།དེས་ཀྱང་བླ་མ་བཏུབ་གསུངས།
佛陀藏巴甲热巴仁波切云:“若要希求得解脱,得依止合格之上师,即彻底证悟空性,慈悲相换自他苦乐,诸有缘者均得利,若具备如此之功德,堪为真上师。另外,自己如法而行持,不教他人违法之事,也堪为真上师。”
ཡང་རིན་པོ་ཆེའི་ཞལ་ནས།ཆོས་མ་ཤེས་པ་མིན།བྱེད་སྙིང་མ་འདོད་པ་ཡིན།ཆོས་མ་བྱུང་བ་མིན།མ་བྱས་པ་ཡིན།སྒོམ་མ་སྐྱེས་པ་མིན།མ་བསྐྱངས་པ་ཡིན།དགེ་བ་མ་འཕེལ་བ་མིན།མ་བསགས་པ་ཡིན།སྙིང་རྗེ་མ་སྐྱེས་པ་མིན།མ་བསྒོམས་པ་ཡིན།རྟེན་འབྲེལ་མ་འགྲིག་པ་མིན།མ་བསྒྲིགས་པ་ཡིན།ཆོས་སྒོར་ཞུགས་ནས་ཆོས་བྱས་ལོ་ཙམ་གྱིས་མི་ཡོང་བས།གང་ཤེས་ཉམས་སུ་ལོངས་གསུངས།
仁波切又云:“并非不懂佛法,而是不感兴趣;并非没有佛法,而是没修佛法;并非不起境界,而是没有维持;并非不长善法,而是没有积累;并非不生悲心,而是没有修持;并非不聚缘起,而是没立缘起;仅仅进入佛门,听闻法并不够,应当实修所学。”
ཡང་རིན་པོ་ཆེའི་ཞལ་ནས།ཞལ་ཏ་ལ་བཀའ་བཀྱོན་དུ་མཐོང་ན།མ་ཚོར་བའི་ལོག་ལྟ་ཡིན།ཡི་དམ་ལ་སྤོང་ལེན་བྱེད་ན།མ་ཚོར་བའི་ལོག་ལྟ་ཡིན།ཆོས་ལ་ཟབ་མི་ཟབ་ཏུ་རྟོགས་ན།མ་ཚོར་བའི་ལོག་ལྟ་ཡིན།གཞན་ལ་ཕྲག་དོག་ཆེ་ན།མ་ཚོར་བའི་ལོག་ལྟ་ཡིན།མཆེད་གྲོགས་ལ་སྐྱོན་ཅན་དུ་མཐོང་ན།མ་ཚོར་བའི་ལོག་ལྟ་ཡིན།ལོག་ལྟ་ངོས་བཟུང་ལ་རང་རྒྱུད་འབལ་མ་འབོལ་དུ་ཐོངས་གསུངས།
仁波切又云:“若将劝戒当责骂,即是未知之邪见;若将本尊做取舍,即是未知之邪见;若将佛法分深浅,即是未知之邪见;若对人嫉妒心强,即是未知之邪见;若见佛友之过失,即是未知之邪见。故于识得此见后,应当调伏自相续。”
ཡང་རིན་པོ་ཆེའི་ཞལ་ནས།མཚན་ལྡན་བླ་མ་ནོར་བུ་རིན་ཆེན་དང་འདྲ་ཡི་དགོས་འདོད་ཞུས།གདམས་ངག་ཟབ་མོ་མོན་པའི་མདའ་དང་འདྲ་ཡི་སེམས་ལ་ཆོངས།ཏིང་འཛིན་བཟང་པོ་མུན་ཁུང་གི་མར་མེ་དང་འདྲ་ཡི་རྟག་ཏུ་མཉམ་པར་ཞོག།ངན་པའི་སྤྱོད་པ་བསྲེ་མོའི་ཕུང་པོ་བཞིན་འགོ་སླ་བས་གྲོགས་ངན་ཐབས་ཀྱིས་སྤོངས།ཡོན་ཏན་དངུལ་ཆུ་ཐང་ལ་ལྷུང་བ་དང་འདྲ་ཡི་གཞན་གྱི་སྐྱོན་ལ་མ་རྟོག།ལས་འབྲས་ཆ་ཕྲ་བས་རྣམ་སྨིན་ཆུང་ངུ་ལ་ཡང་འཛེམ་གསུངས།
仁波切又云:“具德上师如同如意宝,应当祈请心中所愿;深甚窍诀犹如门巴人之箭,应当牢记于心;殊胜三摩地犹如黑穴之油灯,应当恒持平等住;恶人行为如同梅毒的病菌,确容易被传染,应当设法远离恶友;功德犹如水银落地,故而不应观察他人之过失;因缘果报非常细致,因此,禁忌极微小之异熟。”
ཡང་རིན་པོ་ཆེའི་ཞལ་ནས།རང་འདོད་ཀྱིས་མ་གོས་པའི་སྨོན་ལམ་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།ལྟོས་པ་མེད་པའི་སྦྱིན་པ་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།དྲི་མ་མེད་པའི་ཚུལ་ཁྲིམས་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།ཁོང་ཁྲོ་མེད་པའི་བཟོད་པ་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།སེམས་ཅན་གྱི་དོན་ལ་བརྩོན་པ་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།གཡེང་བ་མེད་པའི་བསམ་གཏན་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།རང་སེམས་རྟོགས་པའི་ཤེས་རབ་དེ།ཐམས་ཅད་མཁྱེན་པའི་ས་བོན་དུ་གདབ།ཅེས་གསུངས།
仁波切又云:“无有私欲的发愿,应当播种为一切智的种子;无有观待的布施,应当播种为一切智的种子;无有垢染的净戒,应当播种为一切智的种子;无有嗔恨的安忍,应当播种为一切智的种子;利益众生的精进,应当播种为一切智的种子;无有散乱的禅定,应当播种为一切智的种子;了知自心的智慧,应当播种为一切智的种子。”
ཡང་རིན་པོ་ཆེའི་ཞལ་ནས།སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་འཛད་པ་མེད་པར་མཚང་ཆེ།འཁོར་བ་སྡུག་བསྔལ་གྱི་བཙོན་ཁང་ནས་ཐར་དུས་མེད་པ་མཚང་ཆེ།མ་རིག་པའི་མུན་པ་སངས་དུས་མེད་པ་མཚང་ཆེ།རང་སེམས་ཆོས་སྐུ་ལ་རྟོགས་དུས་མེད་པ་མཚང་ཆེ་གསུངས།
仁波切又云:“生老病死之痛苦,若是无穷无尽,其过患极为严重;轮回痛苦如牢狱,若无逃脱之时,其过患极为严重;无明之黑暗,若无驱散之时,其过患极为严重;若自心不能证悟法身,其过患极为严重。”
ཡང་རིན་པོ་ཆེའི་ཞལ་ནས།ནམ་མཁའ་དང་སེམས་བསྲེ།རྣམ་རྟོག་དང་ཆོས་སྐུར་བསྲེ།སྣང་བ་དང་སྟོང་པ་བསྲེ།དྲན་པ་ཡེངས་མེད་དུ་སྐྱོངས།བློ་དྲེད་དུ་མ་གཞུག།དགེ་སྦྱོར་རྐྱེན་ཁར་མ་གཏང་།སྒོམ་ཡིན་ལུགས་ལ་བཞག་གསུངས།
仁波切又云:“自心与虚空融合;寻思与法身融合;现象与空性融合;正念无散而保持;自心莫顽固不化;修行勿被外缘所动;禅定应如实安住。”
ཡང་རིན་པོ་ཆེའི་ཞལ་ནས།གསོལ་བ་ཡེངས་མེད་དུ་བཏབ་ན།བྱིན་རླབས་མི་ཞུགས་ཁ་མེད་ཡིན།རྟོགས་པ་འབྲལ་མེད་དུ་བསྐྱངས་ན།གནས་ལུགས་མི་རྟོགས་ཁ་མེད་ཡིན།སྦྱིན་པ་ཕྱོགས་མེད་དུ་བཏང་ན།ལོངས་སྤྱོད་མི་འདུ་ཁ་མེད་ཡིན།རྟེན་འབྲེལ་ཡེངས་མེད་དུ་སྒོམ་ན།མངོན་ཤེས་མི་འཆར་ཁ་མེད་ཡིན།བྱམས་པ་ཕྱོགས་མེད་དུ་འབྱོངས་ན།སྙིང་རྗེ་མི་སྐྱེ་ཁ་མེད་ཡིན།སྨོན་ལམ་རྒྱ་ཆེན་བཏབ་ན།འགྲོ་དོན་མི་འགྲུབ་ཁ་མེད་ཡིན་གསུངས།
仁波切又云:“若时刻不忘记祈祷,果则不得不融入加持;若时刻保持觉性,果则不得不证悟本性;若不偏不倚地布施,果则不得不增长福德资粮;若修持缘起时不散乱,果则不得不生起神通;若不偏不倚持慈心,果则不得不生起悲心;若发起广大之誓愿,果则不得不实现利益众生之事。”
ཡང་རིན་པོ་ཆེའི་ཞལ་ནས།དགོས་འདོད་བླ་མ་ལ་རེ་བ་ལ།ལོག་ལྟ་སྒོམ་པ་ཚོ་བདུད་ཀྱིས་ཁྱེར།ཉམས་ལེན་བརྩོན་འགྲུས་ཀྱིས་བྱེད་པ་ལ།ལེ་ལོ་བྱེད་པ་ཚོ་བདུད་ཀྱིས་ཁྱེར།རྟོགས་པ་དྲན་པས་སྐྱོང་བ་ལ།དྲན་པས་མི་འཛིན་པ་ཚོ་བདུད་ཀྱིས་ཁྱེར།སྡུག་བསྔལ་འཁྲུལ་པ་ལས་བྱུང་བ་ལ།ཆགས་སྡང་བྱེད་པ་ཚོ་བདུད་ཀྱིས་ཁྱེར།འདོད་པས་ལུས་ངན་ལེན་པ་ལ།ཞེན་པ་མ་ལོག་པ་ཚོ་བདུད་ཀྱིས་ཁྱེར།སྡོམ་པ་གཉེན་པོས་བསྲུང་བ་ལ།བག་མེད་སྤྱོད་པ་ཚོ་བདུད་ཀྱིས་ཁྱེར་གསུངས།
仁波切又云:“究竟利益来自上师,生起邪见者已被魔挟持;实修佛法需要精进,懈怠懒惰者已被魔挟持;正念以觉性来保持,不保持正念者已被魔挟持;痛苦产生于迷乱,犯贪嗔者已被魔挟持;犯贪欲必堕恶趣,无厌恶心者已被魔挟持;以正念守护净戒,行为放逸者已被魔挟持。”
ཡང་རིན་པོ་ཆེའི་ཞལ་ནས།ནོར་ལ་ཆོག་ཤེས་སྐྱེས་ན་དགེ་སྦྱོར་གནད་དུ་ཚུད།སེམས་ལ་སྐྱེ་འཆི་མེད་ན་དགེ་སྦྱོར་གནད་དུ་ཚུད།ཉམས་དང་རྟོགས་པར་ལྡན་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།སྟོང་ཉིད་སྙིང་རྗེར་ལྡན་ན་དགེ་སྦྱོར་གནད་དུ་ཚུད་གསུངས།
仁波切又云:“若对财富生知足心,则得修行之要领;若了悟心无有生死,则得修行之要领;若具备证悟与觉受,则得修行之要领;若具备空性与悲心,则得修行之要领。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་མ་སྐྱེས་པ་བླ་མའི་སྐྱོན་ལ་རྟོག་པས་ལན།ཆོས་མ་གོ་བ་ཡིད་མ་ཞུགས་པས་ལན།དད་པ་མེད་པ་འཆི་བ་མ་དྲན་པས་ལན།རྣམ་སྨིན་ལ་མི་འཛེམ་པ་རྟེན་འབྲེལ་མ་ཤར་བས་ལན།དམ་ཚིག་དང་སྡོམ་པ་ཉམས་པ་བླ་མ་ལ་མི་འཇིགས་པས་ལན།དགེ་སྦྱོར་མི་འཕེལ་བ་ཚེ་འདིའི་དངོས་ཞེན་མ་སྤངས་པས།མགོ་མ་ཐོན་པ་སྙིང་རུས་ཆུང་བས་ལན།ཆོས་མི་མཁས་པ་ནན་ཆགས་ཆུང་བས་ལན་གསུངས།
仁波切又云:“生不起虔敬心,是因观察上师过失所致;不懂佛法义,是因没有用心去思考所致;生不起信心,是因平日无有死亡观念所致;对异受果报无有畏惧感,是因不知诸法缘生缘灭所致;戒律和誓言之败坏,是因不敬重上师所致;修行不增⻓,
是因未放下贪著今世荣华富贵所致;修学失败,是因不够坚强和努力所致;不善巧于佛法,是因无有勤奋学习所致。”
ཡང་རིན་པོ་ཆེའི་ཞལ་ནས།བདུད་དང་ལོག་འདྲེན་གྱི་བར་ཆད་འབྱུང་བའི་དུས་སུ།བླ་མ་དཀོན་མཆོག་གི་བཀའ་དྲིན་དྲན་པར་བྱ།ཚེ་ལ་ལོང་མེད་ཆོས་ལ་ཕྱི་བཤོལ་མ་གདབ།དད་པ་མི་རྟག་ལ་འགྱུར་བས་དྲན་འགྲོག་ལ་ཧུར་སྟོན་བྱ།བག་ཆགས་ངན་པའི་འདྲིས་ཆེ་བས་དྲན་པའི་སོ་པ་གཞག།འཁོར་བ་རྒྱུན་རིང་བས་བརྩོན་འགྲུས་དྲག་ཏུ་རྩོམས།ཞེས་གསུངས།
仁波切又云:“遇上妖魔鬼怪障碍时,应当怀念上师三宝之恩德;人生苦短,因此,切莫延误修行佛法;信心变化无常易退失,因此,应当心持正念,并努力精进;恶劣习气难以改变,因此,应当以正知正念来观察;轮回极其漫长,因此,应当勇猛精进修行。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ངོ་སྲུང་དུ་མ་སོང་བ།གདམས་ངག་དངོས་བསགས་སུ་མ་སོང་བ།ཉམས་ལེན་སྙོམས་ལས་སུ་མ་ལུས་པ།ལྟ་བ་གོ་ཡུལ་དུ་མ་སོང་བ།ཆོས་མིན་ལུགས་ལ་མ་ལས་པ།ཡིད་དྲེད་ཕྱིར་མ་སོང་བ།ཞེས་གསུངས།
仁波切又云:“虔敬不是情面;窍诀不是积财;实修不是消极;见解不是听闻;非法不当规则;内心不应固执。”
ཡང་རིན་པོ་ཆེའི་ཞལ་ནས།སྙོམས་ལས་དང་ལེ་ལོས་དོན་མི་འགྲུབ།དགེ་སྦྱོར་ལྐོག་ཉལ་ལ་བྱས་པས་ཉམས་མྱོང་མི་འབྱུང་།གདམས་ངག་ཉམས་སུ་མ་བླངས་ན་ཡོན་ཏན་མི་སྐྱེ།བླ་མ་ལ་གོམས་འདྲིས་སུ་སོང་ན་བྱིན་རླབས་མི་འཇུག་གསུངས།
仁波切又云:“懒惰和懈怠者,不能成办事情;懒散贪睡的行者,无法生起觉受;不实修窍诀者,不能增⻓功德;以世俗方式亲近上师者,将无法获得加持。”
ཡང་རིན་པོ་ཆེའི་ཞལ་ནས།དགྲ་ལ་ཐུལ་བ་མེད་པས།རང་སེམས་འདུལ་བའི་དུས་ལ་བབ།བྱ་བའི་ལས་ལ་ཟིན་པ་མེད་པས།བསམ་གཏན་སྒོམ་པའི་དུས་ལ་བབ།ནོར་ལ་ཆོག་ཤེས་མེད་པས།དགོས་མེད་སྒོམ་པའི་དུས་ལ་བབ།གཉེན་ལ་མགུ་བ་མེད་པས།བྱ་བ་གཏོང་བའི་དུས་ལ་བབ།དཔེ་ལ་ཐུག་པ་མེད་པས།སེམས་ལ་བལྟ་བའི་དུས་ལ་བབ།ཉམས་ལ་མཐོ་དམན་འོང་བས།གསོལ་བ་གདབ་པའི་དུས་ལ་བབ།ཅེས་གསུངས།
仁波切又云:“仇敌没有灭完的时候,因此,这是调伏自心的时候;世间琐事没有做完的时候,因此,这是禅修的时候;财富没有知足的时候,因此,这是观修无所需求的时候;亲朋好友没有满意的时候,因此,这是放下世事的时候;比喻教法没有比完的时候,因此,这是观照内心的时候;觉受时高时低,因此,这是祈祷的时候。”
ཡང་རིན་པོ་ཆེའི་ཞལ་ནས།བསམ་པ་ཆགས་སྡང་དུ་མ་སོང་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།ཡིད་དྲེད་ཕྱིར་མ་སོང་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།འཇིག་རྟེན་བློས་ཐོངས་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།རང་སྐྱོན་ངོས་ཟིན་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།བདེ་དྲོད་ཟུང་དུ་འབྲེལ་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།ཆགས་སྡང་ཟིལ་གྱིས་ནོན་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན།གོང་མའི་ཡོན་ཏན་མཐོང་ན་དགེ་སྦྱོར་གནད་དུ་ཚུད་པའི་རྟགས་ཡིན་གསུངས།
仁波切又云:“若心无贪嗔,则表示获得修行之要点;若心不固执,则表示获得修行之要点;若能舍弃世间,则表示获得修行之要点;若能认识自过失,则表示获得修行之要点;若能乐暖双修,则表示获得修行之要点;若能降伏贪嗔,则表示获得修行之要点;若得见前辈大德之功德,则表示获得修行之要点。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ངེས་ཤེས་དང་འབྲེལ་བ་ཞིག་དགོས།རྟོགས་པ་སྙིང་རྗེ་དང་འབྲེལ་བ་ཞིག་དགོས།ཇོ་བཟང་ཞེན་ལོག་དང་འབྲེལ་བ་ཞིག་དགོས།དབང་གདམས་ངག་དང་འབྲེལ་བ་ཞིག་དགོས།སྙིང་རྗེ་ཕན་སེམས་དང་འབྲེལ་བ་ཞིག་དགོས།གདམས་ངག་ཡིད་ཆེས་དང་འབྲེལ་བ་ཞིག་དགོས།འགྲོ་དོན་བྱང་སེམས་དང་འབྲེལ་བ་ཞིག་དགོས་གསུངས།
仁波切又云:“虔敬心应与信心相应;觉性应与悲心相应;行者应与厌烦心相应;灌顶应与窍诀相应;悲悯应与利人之心相应;窍诀应与胜解信相应;利益众生应与菩提心相应。”
ཡང་རིན་པོ་ཆེའི་ཞལ་ནས།དད་པ་དང་ངོ་ཚ་གཉིས་འཛོམས་ན་ཆོས་མཐར་སྐྱེལ་བའི་རྒྱུ་ཡིན།མོས་གུས་དང་བྱིན་རླབས་གཉིས་འཛོམས་ན་སངས་རྒྱས་རྙེད་པའི་རྒྱུ་ཡིན།གོ་ཆ་དང་སྙིང་རུས་གཉིས་འཛོམས་ན་སྒྲུབ་པ་མཐར་སྐྱེལ་བའི་རྒྱུ་ཡིན།གདམས་ངག་དང་ཉམས་མྱོང་གཉིས་འཛོམས་ན་ཉམས་རྟོགས་འཆར་བའི་རྒྱུ་ཡིན་གསུངས།
仁波切又云:“若具信心和廉耻,则是修行善终之因;若具虔敬和加持,则是成佛之因;若具盔甲精进和坚强,则是修行成功之因;若具窍诀和经验,则是生起觉受和证悟之因。”
ཡང་རིན་པོ་ཆེའི་ཞལ་ནས།བླ་མ་དཀོན་མཆོག་གི་བཀའ་དྲིན་དྲན་པ་ལ་བསླབ།འཁོར་བ་སྡུག་བསྔལ་གྱི་ཉེས་དམིགས་ལ་བསླབ།རང་གི་སེམས་ལ་མཉེ་བརྟུལ་བྱ་བ་ལ་བསླབ།གཏོང་ཕོད་གཉེན་པོའི་ཐོག་རྫིས་བྱ་བ་ལ་བསླབ།སྲི་ཞུ་དང་བདོག་པ་ཕྱི་ཐག་རིང་བ་ལ་བསླབ།ཅེས་གསུངས་སོ།།
仁波切又云:“学习上师与三宝之恩德;学习六道轮回之过患;学习调伏自心之方法;学习慷慨与对症下药之方式;学习侍奉与友谊永恒之方法。”
ཡང་རིན་པོ་ཆེའི་ཞལ་ནས།སྡོམ་པ་གསུམ་ལ་གཅེས་སྤྲས་སུ་བྱས་ན་ངན་སོང་དུ་མི་ལྟུང་།ཕྱག་རྒྱ་ཆེན་པོ་འབྲལ་མེད་དུ་བསྒོམས་ན་འཁོར་བར་མི་འཁྱམས།སྙིང་རྗེས་བདག་གཞན་མེད་ན་ལས་དབང་གིས་ལུས་མི་ལེན།བློ་རྩེ་བླ་མ་དཀོན་མཆོག་ལ་གཏད་ན་ལམ་ལོག་པར་མི་འཇུག།ཅེས་གསུངས་སོ།།
仁波切又云:“若珍爱三律仪,则不堕入恶趣;若常修大手印,则不堕入轮回;若悲心无自他,则不依业力投胎;若依上师三宝,则不入邪门歪道。”
ཡང་རིན་པོ་ཆེའི་ཞལ་ནས།ཕྱོགས་མེད་རི་ཁྲོད་འགྲིམ་ཞིང་ཉམས་དང་རྟོགས་པ་སྐྱོང་ན་ཕའི་བུ་རབ་ཡིན།ཟས་ནོར་གྱི་འཁྲི་བ་བཅད་ནས་དཀའ་ཐུབ་ཆུ་འཐུང་བྱེད་ན་ཕའི་བུ་རབ་ཡིན།ཡུལ་གཞིས་རླུང་ལ་བསྐུར་ནས་འཇིག་རྟེན་བློས་བཏང་བྱེད་ན་ཕའི་བུ་རབ་ཡིན།ཕྱོགས་མེད་སྙིང་རྗེ་འབྱོངས་ནས་འགྲོ་དོན་རྒྱ་ཆེན་འགྲུབ་ན་ཕའི་བུ་རབ་ཡིན།ཞེས་གསུངས།
仁波切又云:“若云游四方依寂静,并能摄持觉受与证悟,则是好徒儿;若能断除饮食财富的贪著,并饮用苦修之水,则是好徒儿;若能抛弃住处,并舍弃世间,则是好徒儿;若慈悲心不偏不倚,并能广泛利益众生,则是好徒儿。”
ཡང་རིན་པོ་ཆེའི་ཞལ་ནས།བླ་མ་སྤྱི་བོར་བསྒོམས་ན་སྲུང་བ་གཞན་མི་དགོས།སྙིང་ཁར་བླ་མ་བསྒོམས་ན་དགོས་འདོད་ཤུགས་ལས་འབྱུང་།རང་ལུས་ཡི་དམ་དང་མ་བྲལ་ན་ཐུན་བཞི་བསྒོམ་མི་དགོས།སྣང་བ་ཆོས་སྐུར་ཤར་ན་གཉེན་པོ་བརྟེན་མི་དགོས་གསུངས།
仁波切又云:“若观想上师于头顶,则无需别的护身符;若观想上师于心间,则一切所愿水到渠成;若自身不离本尊,则无需四座之修行;若现象显现于法身,则无需依止对治法。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ལྟེམ་རྐྱང་མེད་ན་སྒོམ་ཆེན་ཕའི་བུ།།དད་པ་འགྱུར་ལྡོག་མེད་ན་སྒོམ་ཆེན་ཕའི་བུ།།སྡོམ་གསུམ་གནོང་འགྱོད་མེད་ན་སྒོམ་ཆེན་ཕའི་བུ།།ནོར་ལ་འཛིན་ཆགས་མེད་ན་སྒོམ་ཆེན་ཕའི་བུ།།སྒོམ་ལ་འདུ་འབྲལ་མེད་ན་སྒོམ་ཆེན་ཕའི་བུ།།སེམས་ལ་སྐྱེ་འཆི་མེད་ན་སྒོམ་ཆེན་ཕའི་བུ།།ཞེས་གསུངས།
仁波切又云:“若虔敬心无有进退,则是禅师的徒儿;若信心无有变化,则是禅师的徒儿;若于三律无有懊悔,则是禅师的徒儿;若于钱财无有贪著,则是禅师的徒儿;若禅修无时不定,则是禅师的徒儿;若心无有生死,则是禅师的徒儿。”
ཡང་རིན་པོ་ཆེའི་ཞལ་ནས།རི་ཁྲོད་དགོན་པར་སྡོད་ན་རྒྱུད་པའི་སྲོལ་ཀ་ཟིན།མི་མེད་དབེན་པར་སྡོད་ན་དགེ་སྦྱོར་ངང་གིས་འཕེལ།སྨྲ་བཅད་ལྐུགས་པར་སྡོད་ན་ངག་ལ་ནུས་པ་ལྡན།ངོ་ཚ་ཁྲེལ་འཛེམ་གོས་ནི་ཀུན་ལ་དྲོ།གཏུམ་མོ་མེ་འབར་སྒོམ་ན་བདེ་དྲོད་སྐྱེ།རས་གོས་རྐྱང་རེས་དྲོས་ན་ཡོན་ཏན་ཤུགས་ལས་འབྱུང་།ཏིང་འཛིན་ཟག་མེད་ཟས་ནི་སྨན་དང་བཅུད།ཞེན་ལོག་བདུད་རྩི་ཟོས་ན་མཁའ་འགྲོས་བྱིན་གྱིས་རློབས།གང་འཛོམས་རོ་སྙོམས་བྱས་ན་ཟས་ཀྱི་འཁྲི་བ་ཆོད་གསུངས།
仁波切又云:“若隐居山间寺庙里,则继承噶举之传承;若隐居寂静无人处,修行则自然得增长;若禁语无言而住,语音则具备诸能力;若有礼义廉耻之衣,则能暖和众人心;若观修脐火炽燃,则能生起乐暖相;若白布单衣能暖和,则自然增长诸功德;三摩地无漏之食物是营养和妙药;若饮用厌恶之甘露,则获得空行母的加持;若所具备皆能一味,则断除对食物之贪执。”
ཡང་རིན་པོ་ཆེའི་ཞལ་ནས།ཐོས་པས་ཉོན་མོངས་པ་ངོས་བཟུང་བསམ་པས་མགོ་སྨད་སྒོམ་པས་དྲུངས་ནས་འབྱིན་གསུམ་སྡོམ་གསུམ་ཚུལ་ཁྲིམས་ཀྱིས་ངན་སོང་གི་སྒོ་ཁེགས།བྱང་སེམས་ཀྱིས་ཉན་རང་དུ་མི་ལྟུང་།གསང་སྔགས་ཀྱིས་བདག་གཞན་དོན་གཉིས་འགྲུབ་ལྡན།།ཆོག་ཤེས་ཀྱིས་མི་འཛད་པའི་གཏེར་དང་འཕྲད་དགོས་མེད་ཀྱིས་ཞེན་པ་ལོག་འཕྲལ་ཕྱིད་ཀྱིས་ཕུང་འདྲེ་རྩ་ནས་ཞི་ཡིད་བཞིན་ནོར་བུ་རིན་ཆེན་འདྲའོ་གསུངས།
仁波切又云:“具备闻思修行三律仪,知足放下犹如如意宝。”
ཡང་རིན་པོ་ཆེའི་ཞལ་ནས།བླ་མ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ་ལོག་ལྟའི་འདམ་གྱིས་མ་གཡོགས་པར།མོས་གུས་ཀྱིས་བྱི་དོར་བྱས་ན་དགོས་འདོད་འབྱུང་།སེམས་ཉིད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ།བག་ཆགས་ངན་པའི་འདམ་གྱིས་མ་གཡོགས་པར།ལྟ་སྒོམ་གྱིས་བྱི་དོར་བྱས་ན་ཆོས་སྐུ་རྟོགས།སྣང་བ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ།ཆགས་སྡང་གི་འདམ་གྱིས་མ་གཡོགས་པ།སྒྱུ་མའི་བྱི་དོར་བྱས་ནས་བདེན་འཛིན་ལྡོག།གདམས་ངག་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལ།ཐེ་ཚོམ་གྱི་འདམ་གྱིས་མ་གཡོགས་པར།ཉམས་ལེན་གྱི་བྱི་དོར་བྱས་ན་རྟོགས་པ་འཆར་གསུངས།
仁波切又云:“若对上师如意宝没有被邪见的污泥所污染,而是以虔敬心擦拭,则能如愿以偿;若心性如意宝没有被恶习的污泥所污染,而是以见修来擦拭,则能证悟法身真谛;若现象如意宝没有被贪嗔的污泥所污染,而是以如幻的心来擦拭,则能回遮实有执著;若窍诀如意宝没有被疑心的污泥所污染,而是以实修来擦拭,则能生起觉悟。”
ཡང་རིན་པོ་ཆེའི་ཞལ་ནས།གསོལ་བ་བཏབ་ན་བྱིན་རླབས་འབྱུང་།།མོས་གུས་བྱས་ན་རྟོགས་པ་འཆར།།མཉམ་པར་བཞག་ན་ཡོན་ཏན་སྐྱེ།།དགོས་མེད་བསྒོམས་ན་ཞེན་པ་ལྡོག།སྙིང་རྗེ་བསྒོམས་ན་འགྲོ་དོན་འགྲུབ།།གསུངས།
仁波切又云:“做祈祷则能获得加持;有虔敬心则能获得证悟;入平等住则能生起功德;修无所需求则能回遮贪执;观修慈悲心则能利益众生。”
ཡང་རིན་པོ་ཆེའི་ཞལ་ནས།དད་པ་མི་རྟག་འགྱུར་བ་ལ།།འཁོར་བ་སྡུག་བསྔལ་གྱི་ཉེས་དམིགས་སྒོམས།།བློ་ལ་འཁྲུལ་པ་འབྱུང་བ་ལ།།བདེ་གསལ་མི་རྟོག་པའི་ཏིང་འཛིན་སྒོམས།།བློ་སྣ་དྲེད་ཀྱིས་དོགས་པ་ལ།།ཞེན་ལོག་དགོས་མེད་དྲག་སྔགས་སྒྲོངས།།སྒོམ་ལ་ཐེ་ཚོམ་སྐྱེས་པ་ལ།།དྲན་རྟོག་སྐྱེ་བ་མེད་པར་བལྟ།།ཞེས་གསུངས།
仁波切又云:“当信心退失无常时,应思维轮回痛苦之过失;当内心产生迷乱时,应修持乐明无分别之三摩地;当内心焦虑不安时,应念诵厌恶“无所求”猛咒;当禅修产生疑心时,应观分别念之无生。”
ཡང་རིན་པོ་ཆེའི་ཞལ་ནས།དད་པ་མེད་ལ་ལྷ་ཆོས་ཤིན་ཏུ་དཀའ།།ལོག་ལྟ་ཅན་ལ་བྱིན་རླབས་འཇུག་པ་དཀའ།།སྡོད་མི་ཚུགས་ལ་སྒོམ་ཆེན་འབྱུང་བ་དཀའ།།བློ་མང་པོ་ལ་མགོ་ཐོན་ཤིན་ཏུ་དཀའ།།ཞེས་ཚལ་ཆུང་གསུངས།
仁波切又云:“没有信心的人很难修行;持邪见的人很难获得加持;坐不住的人很难成为禅师;多心的人很难一帆风顺。”
ཡང་རིན་པོ་ཆེའི་ཞལ་ནས།དྲན་པ།དྲན་མེད།སྐྱེ་མེད།བློ་འདས།དྲན་པ་སེམས་ལ་ལྟོས་དང་རྒྱུན་དུ་གནས་ཀྱིན་འདུག་པ།ཞེན་པ་དང་ཆགས་པ་མ་ཆེ།དྲན་མེད་སེམས་ལ་ལྟོས་དང་རྒྱུན་དུ་གནས་ཀྱིན་འདུག་པ།སྟོང་པ་ལོགས་ནས་ཅི་སྒོམ།སྐྱེ་མེད་སེམས་ལ་ལྟོས་དང་།ཤར་ཚད་ཆོས་སྐུར་འདུག་པ།འབྲས་བུ་ལོགས་ནས་ཅི་བསྒྲུབ།བློ་འདས་སེམས་ལ་ལྟོས་དང་།བརྗོད་དུ་མེད་པར་འདུག་པ།ཚིག་གི་ན་ཡམ་ཅི་བྱེད།བླ་མ་གོང་མའི་གསུང་སྒྲོས་ཡིན་གསུངས།
仁波切又云:“正念、无念、无生、离心。正念:观照内心,恒时常在,莫过度贪执;无念:观照内心,恒时常在,不必修空;无生:观照内心,所现皆是法身,何必再修果;离心:观照内心,本不可言,何必言词;此乃前辈上师教言也。”
ཡང་རིན་པོ་ཆེའི་ཞལ་ནས།སློབ་དཔོན་གྱིས་བཤད་གཉེར་གསུམ་ལ།གོང་མ་ལ་གསོལ་བ་གདབ་པ།འོག་མ་ལ་འཕྲིན་བསྐུར་བ།བར་པ་ལ་འབྲས་བུ་གཞོམ་པའོ།།སློབ་མས་ཉན་གཉེར་གསུམ་ལ།ཤེས་པ་སྔོན་ལ་མ་ཤོར་བ།ཕྱིས་སོ་ལམ་མ་ཤོར་བ།ཡུལ་ཐ་དད་པ་ལ་ཆེད་དུ་མི་འཛིན་པའོ།།གསང་བའི་བདག་པོ་དེ་ཕྱིར་ངས།།ཁྱེད་ལ་ལེགས་པར་བསྟན་པར་བྱ།།ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན།།ཞེས་གསུངས་སོ།།
仁波切又云:“轨范师三种讲法方式:于上祈请,于下传法,于中断惑;弟子三种闻法方式:不思于未来,不念于过去,不著分别境;为汝秘密主,我今当善说,一心应谛听!”
ཡང་རིན་པོ་ཆེའི་ཞལ་ནས།ལྟ་བའི་དུས་ན་སྣང་སྲིད་འཁོར་འདས་ཀྱི་བདེན་འཛིན་ལྡོག་དང་།སྒོམ་པའི་དུས་ན་མ་ཡེངས་ཐུན་བཞིར་ཉམས་སུ་ལོངས་དང་།སྤྱོད་པའི་དུས་ན་བྱ་ཆ་ཆོས་སྤྱོད་ཀྱི་རྗེས་མ་སྤྱོད།འབྲས་བུའི་དུས་ན་སེམས་ཉིད་སྟོང་པ་ལ་སྡུག་བསྔལ་བདེན་པའི་ཚད་མ་འཆའ།ཞེས་གསུངས།
仁波切又云:“在立“见解”时应当回遮对器情轮涅之实执;在“观修”时应当实修无有散乱四座之修;在“行持”时不应随行于仪式;在“果位”时不应以苦谛来衡量空性。”
ཡང་རིན་པོ་ཆེའི་ཞལ་ནས།ཐུགས་རྒྱུད་མ་འབྱོངས་པའི་གང་ཟག་གིས་གཞན་ལ་སྡིག་གསོག།སྡོམ་པ་མེད་པའི་བཙུན་པ་དེ་མི་ནག་དང་འདྲ།ཉམས་མྱོང་མེད་པའི་སྒོམ་ཆེན་ཐ་མལ་དང་འདྲ།གྲོད་ཕྱིར་འཕྲེང་བའི་རྣལ་འབྱོར་པས་ཡི་དྭགས་ཀྱི་ལས་གསོག།ཆོས་ཚུལ་བཞིན་བྱེད་ན་གཉེན་པོའི་ཡེ་ཤེས་འགྲོ་དགོས་གསུངས།
仁波切又云:“尚未调伏相续的人对他人会带来邪恶;没有守戒律的出家人与俗人没有什么区别;没有经验的观修者与普通人一样;为了吃得饱而忙碌的瑜伽士是积累恶鬼之业;若要如理如法的修持佛法,应当以智慧来对治,进而改正此等错误。”
ཡང་རིན་པོ་ཆེའི་ཞལ་ནས།ཁྲེལ་མེད་སྤྱོད་པ་ཅི་ཡང་མེད།།རྒྱུད་ངན་ཚིག་པ་ནམ་ཡང་ཟ།།ཆོས་མེད་ཡིད་ལ་ཅི་ཡང་རྒྱུ།།སྒྱིད་ངན་བྱ་བ་ནམ་ཡང་ཐེངས།།དོག་མོའི་ས་ལ་ཅི་ཡང་སྐྱེ།།རྣལ་འབྱོར་ཉམས་ལ་ཅི་ཡང་འཆར།།སྨྱོན་པ་གཏད་མེད་ཤེས་ན་ལས་མི་གསོག།ཅི་སྣང་སེམས་ཀྱི་ཆོ་འཕྲུལ་ཡིན།།སེམས་ཉིད་ཡེ་ནས་ཆོས་སྐུ་ཡིན།།གསུངས།
仁波切又云:“无耻之人无好事;恶人经常发脾气;不定人心啥都想;懒惰总会耽误事;大地之上啥都长;瑜伽觉受啥都起;若知疯子无所依,则当不造诸恶业;现象皆是心幻变;心性本来即法身。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ཅན་ལོག་ལྟའི་ཁར་མི་འཆོར།བརྩོན་འགྲུས་ཅན་ལེ་ལོའི་ཁར་མི་འཆོར།སྙིང་རྗེ་ཅན་ཞེ་སྡང་གི་ཁར་མི་འཆོར་གསུངས།
仁波切又云:“有虔敬心的人不会被邪见击败;有精进心的人不会被懒惰击败;有悲心的人不会被嗔心击败。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ངོ་སྲུང་དུ་མ་སོང་ན་ཅི་བསམ་འགྲུབ་སྟེ་མཆི།གོ་ཆ་ཞེ་སྡང་དུ་མ་སོང་ན་བརྩམས་པ་མཐར་ཐོན་ཏེ་མཆི།སྙིང་རྗེ་འདོད་ཆགས་སུ་མ་སོང་ན་འགྲོ་དོན་འགྲུབ་སྟེ་མཆི།དད་པ་ཁ་སྤྱང་དུ་མ་སོང་ན་ཆོས་དང་འཕྲད་དེ་མཆི།སྒོམ་བྱིང་རྨུགས་སུ་མ་སོང་ན་ཡོན་ཏན་སྐྱེ་སྟེ་མཆི།ཆོས་ཁ་ཆོས་སུ་མ་སོང་ན་དོན་དང་ལྡན་ཏེ་མཆི།བླ་མ་དཀོན་མཆོག་མཆོད་ན་དོན་དང་ལྡན་ཏེ་མཆི།བྱང་ཆུབ་སྲོག་དང་བསྡོས་ན་རྒྱལ་བ་མཉེས་ཏེ་མཆི།སེམས་ཉིད་གཉུག་མར་བཞག་ན་རྟོགས་པ་འཆར་ཏེ་མཆི།འཁོར་བའི་སྡུག་བསྔལ་བསམ་ན་སྙིང་རྗེ་སྐྱེ་སྟེ་མཆི།རྟག་ཏུ་འཆི་བ་བསམ་ན་བརྩོན་འགྲུས་སྐྱེ་སྟེ་མཆི།ཞེས་གསུངས།
仁波切又云:“若虔敬不变成情面,则会如愿以偿;若盔甲不变成嗔恨,则会善始善终;若慈悲不变成贪恋,则会利生圆满;若信心不变成空话,则会遇见正法;若禅修不变成昏沉,则会生起功德;若修行不变成口头禅,则会获得利益;若供养上师三宝,则会增长功德;若为菩提而不顾生命,则会让诸佛欢喜;若心性安住于原处,则会生起证悟;若思维轮回过患,则会生起悲心;若恒常思维死亡,则会生起精进。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་སྐྱེས་པའི་ཆག་ཚད་སྣང་བ་ཟིལ་གྱིས་ནོན་པ།ཆོས་མཁས་པའི་ཆག་ཚད་ཆོས་ནས་གསུངས་པ་བཞིན་ཉམས་སུ་ལེན་པ།ཉམས་ལེན་བཟང་བའི་ཆག་ཚད་རིག་པ་ལ་ངར་ཐོན་པ།རྟོགས་པ་མཐོ་བའི་ཆག་ཚད་མཉམ་བཞག་རྗེས་ཐོབ་མེད་པ།དད་པ་སྐྱེས་པའི་ཆག་ཚད་གང་ལ་ཡང་རྩིས་གདབ་མེད་པ།ཞེས་གསུངས།
仁波切又云:“生起虔敬心的标准,是威镇一切现象;善巧于佛法的标准,是如理如法的修行;修行好的标准,是智慧已增长;提高悟心的标准,是没有定中和定后;生起信心的标准,是没有任何分别取舍。”
ཡང་རིན་པོ་ཆེའི་ཞལ་ནས།ཚོགས་མ་བསགས་བླ་མའི་སྐྱོན་ལ་རྟོག་པ་ལ་བྱིན་རླབས་མི་ཡོང་།བློ་མང་པོ་ཅི་བྱས་གཏོང་བ་ལ་མགོ་ཐོན་མི་ཡོང་།གྲོད་པོ་ཆེ་ལྟོ་གདུང་ཅན་ལ་འགྲངས་པའི་དུས་མི་ཡོང་།བྲང་ཁོག་ཏུ་ཁྱི་རྐུན་ཞུགས་པའི་སྒོམ་ཆེན་ལ་སྐྱིད་པའི་དུས་མེད།ཆོས་དང་གང་ཟག་ཞུ་ཐིག་བྱས་པས་མིས་སྨོན་རང་སྐྱིད་འཛོམས་ནས་མཆི།གསུངས།
仁波切又云:“自己若不积累福德资粮,而观察上师的过失,此人不会获得加持;多心的人做事不专一,最后会败得一无所成;胃口大及喜欢贪吃的人,总是没有吃饱的时候;如同偷嘴狗藏于腹中的禅修者,始终没有快乐的时候;因反复审察佛法与补特伽罗,故而获得他人的赞美,也能快乐自在地往生。”
ཡང་རིན་པོ་ཆེའི་ཞལ་ནས།རྫུན་རྐྱལ་དང་འགྲོགས་ན་རང་ཡང་རྫུན་རྐྱལ་དུ་འགྲོ།ཁྲམ་པ་དང་འགྲོགས་ན་རང་ཡང་ཁྲམ་པ་རུ་འགྲོ།ཟོག་པོ་དང་འགྲོགས་ན་རང་ཡང་ཟོག་པོར་འགྲོ།སྡིག་ཅན་དང་འགྲོགས་ན་ངན་པའི་ཤན་ཕོག།དགེ་བའི་བཤེས་གཉེན་བསྟེན་པར་བྱའོ།།བླ་མ་དགེ་བའི་བཤེས་གཉེན་བསྟེན་ན་བྱིན་རླབས་འཇུག།གྲོགས་དགེ་བའི་བཤེས་གཉེན་བསྟེན་ན་བློ་སྣ་གྱེན་ལ་ཁྲིད།གནས་དགེ་བའི་བཤེས་གཉེན་དུ་སྡོད་ན་ཆགས་སྡང་མི་སྐྱེ།ཆོས་དགེ་བའི་བཤེས་གཉེན་དང་འགྲོགས་ན་རྩོད་སྐུར་མི་ཡོང་།སེམས་དགེ་བའི་བཤེས་གཉེན་དང་འགྲོགས་ན་སངས་རྒྱས་རྙེད་གསུངས།
仁波切又云:“与撒谎者相处,自己也会变成撒谎的人;与骗子相处,自己也会变成骗子;与虚伪者相处,自己也会变成虚伪的人;与恶人相处,自己也会变成恶人。因此,应当依止善知识,若依止了上师善知识,则能获得加持;若依止善友善知识,则自心导向于增上善;若住于住处善知识,则不会生起贪嗔痴;若相随正法善知识,则不会有冲突和毁谤;若相随心性善知识,则能获得佛果。”
ཡང་རིན་པོ་ཆེའི་ཞལ་ནས།མི་ཤེས་པའི་ཤེས་རྫུས་མ་འདེབས།མ་རྟོགས་པའི་རྟོགས་རྫུས་མ་འདེབས།མ་གོ་བའི་གོ་རྫུས་མ་འདེབས།ནང་དུ་སྟོང་ཉིད་ངང་དུ་ཞོག།ཕྱིར་སྙིང་རྗེ་སྦྱོངས།རང་འདོད་ཀྱི་འཁྲི་བ་ལ་ཆེ་ཆུང་མེད་པས་ཛ་རྡུང་གྱིས།ཞེས་སྐུ་ཁམས་སྙུང་ཙ་ན་གསུངས་པའོ།།
仁波切又云:“不知道的事情不要妄说知道;不明了的事情不要妄说明了;没有听到的事情不要妄说听到;于内安住于空性境;于外修练慈悲心;要强行断除一切自私自利的心。”(此段是尊者生病时的言教)。
ཡང་རིན་པོ་ཆེའི་ཞལ་ནས།ལུས་སྒྱུ་མར་ཤེས་ན་གཅེས་འཛིན་མི་ཡོང་།ནོར་སྒྱུ་མར་ཤེས་ན་སེར་སྣ་མི་ཡོང་།ཟས་གོས་སྒྱུ་མར་ཤེས་ན་ཆགས་ཞེན་མི་འབྱུང་།དགྲ་སྒྱུ་མར་ཤེས་ན་ཞེ་སྡང་མི་སྐྱེ།གཉེན་སྒྱུ་མར་ཤེས་ན་གདུང་སེམས་མི་སྐྱེ།སྣང་བ་སྒྱུ་མར་ཤེས་ན་བདེན་འཛིན་ལྡོག།སེམས་སྒྱུ་མར་ཤེས་ན་ཆོས་སྐུར་རྟོགས།ལས་སྒྱུ་མར་ཤེས་ན་རྣམ་སྨིན་མི་བསོག་གསུངས།
仁波切又云:“若知身体是幻化,则不会起爱执;若知财富是幻化,则不会起吝啬;若知衣食是幻化,则不会起贪执;若知仇敌是幻化,则不会起嗔恨;若知亲友是幻化,则不会起贪欲;若知现象是幻化,则能回遮实执;若知自心是幻化,则能证悟法身;若知业报是幻化,则不会积累异熟。”
ཡང་རིན་པོ་ཆེའི་ཞལ་ནས།དང་པོའི་སེམས་ནི་གྲུབ་ཐོབ་ཆེན་པོ་སྣ་ཕུ་པའི་བཞེད་པ་ཉོན་མོངས་པ་རྩེ་སྤྲོད་པའི་དུས་རི་གཟར་ཆུ་དང་འདྲ།།བར་པའི་སེམས་བར་པ་ཉོན་མོངས་པ་མགོ་གནོན་པའི་དུས་ནི་དབྱར་གྱི་ཆུ་དང་འདྲ།།ཐ་མའི་སེམས་ནི་མཐའ་མ་ཉོན་མོངས་པའི་གཡུལ་ལས་རྒྱལ་བའོ།།རྒྱ་མཚོ་ཆེན་པོ་འདྲ།།ཞེས་གསུངས་སོ།།
仁波切又云:“最初心如陡坡水,中期心如夏季河,最终心如无浪海。”
ཡང་རིན་པོ་ཆེའི་ཞལ་ནས།རྒྱུ་རྐྱེན་འཛོམས་ན་འབྲས་བུ་འབྱིན་པས།དགེ་བ་ངོ་ཤེས་པར་བྱ།སྡིག་པ་ཆུང་ངུ་ནར་སོན་ནས།དགེ་བ་སྟོབས་ཆེན་ཟིལ་གྱིས་གནོན་པས།རྣམ་སྨིན་འཕྲལ་དུ་བཤགས་བསྡོམ་བྱ།ལས་ངན་གྱི་འབྲས་བུ་ངན་སོང་གསུམ་དུ་སྐྱེ་བས།བྱུར་ནམ་མཁའ་ལྡིང་ལ་ཐོབ་ཤ་མི་བྱ།ངག་གི་ཉེས་པ་བརྗོད་ལས་འདས་པས་གཞན་ལ་སྡིག་པ་མི་བསག།བསམ་སྦྱོར་མ་ཚང་ན་རྩལ་ཅུང་མི་རྫོགས་ཀྱི།རྗེས་ཤེས་སྒྱུ་མར་བལྟ།།ཞེས་གསུངས་སོ།།
仁波切又云:“只要因缘具备,就会产生效果,因此应当认识善业;微小的恶业增长之后也会摧毁巨大的善根,因此,应当立刻忏戒一切罪业;因恶业的果报会堕入三恶道,因此,应当不做自食恶果之事;恶语的过患不计其数,因此,应当停止以恶语攻击他人;若不具备动机和行为,其果很难成熟,因此,应观后得知如同幻化。”
ཡང་རིན་པོ་ཆེའི་ཞལ་ནས།རྗེ་ལ་གསོལ་བ་བཏབ་ན་ཐུགས་ཡིད་གཅིག་ཏུ་འདྲེ།མི་ཚེ་ཆོས་ལ་བསྐྱལ་ན་དལ་འབྱོར་དོན་དང་ལྡན།ཆོས་ལ་རང་བྱན་ཚུད་ན་སྣང་བ་དཔེ་ཆར་འཆར།སྤྲང་པོའི་དམན་ཆ་བཟུང་ན་ཡོན་ཏན་ཤུགས་ལ་སྐྱེ།གཅིག་པུར་རི་ཁྲོད་འགྲིམས་ན་དགེ་སྦྱོར་ངང་གིས་འཕེལ།རང་འདོད་གཅིག་ཀྱང་མེད་ན་ཅི་བྱས་འགྲོ་དོན་ཡིན།ཡོན་ཏན་སེམས་ལ་རྫོགས་ན་འབྲས་བུ་བསྒྲུབ་མི་དགོས།ཞེས་གསུངས།
仁波切又云:“若向尊者祈祷,则智心能融为一体;若一生修行佛法,则暇满具有意义;若熟练了佛法,则万法中显现经典;若身居乞丐低位,则自然增长功德;若独自隐居山间,则任运增长修行;若无自私自利的心,则所做所为皆是利益众生;若心已圆满功德,则无需另修佛果。”
ཡང་རིན་པོ་ཆེའི་ཞལ་ནས།མོས་གུས་ཕྱོགས་མེད་དུ་སྐྱེ་བ་ནི་དཀའ་བས།རང་གང་མོས་པའི་བླ་མ་ལ་བཅོས་མའི་མོས་གུས་ཆེ་རུ་བྱ་བ་ལ་བསླབ་པ།སྦྱིན་པ་ཕྱོགས་མེད་དུ་ཐོངས་པ་ནི་དཀའ་བས།ཆུང་ངུ་ཆུང་ངུ་ནས་གཏོང་བ་ལ་བསླབ་པ།ཞིང་ཁམས་ཕྱོགས་མེད་དུ་འབྱོངས་པ་ནི་དཀའ་བས།ཆོས་ལ་སྣང་བ་མ་ལོག་པ་ལ་བསླབ་པ།ཐ་སྙད་ཕྱོགས་མེད་དུ་ཤེས་པ་ནི་དཀའ་བས།རྒྱུད་དམ་སྒྲུབ་ཐབས་འགའ་རེ་ལ་བསླབ་པ།ཡིག་སྣ་སྣོད་བསག་ལ་མཛད་པས།གདམས་ངག་རེ་རེ་གཉིས་གཉིས་ཉམས་སུ་བླངས་པ་ལ་བསླབ་པ།ད་དུང་སེམས་ཅན་ཡིན་པས།རྣམ་སྨིན་ཆུང་ངུ་ལ་ཡང་འཛེམས་པ་ལ་བསླབ་པའོ།།ཞེས་གསུངས།
仁波切又云:“很难生起不偏不倚的虔敬心,因此,应当学习如何对自己最恭敬的上师增长有为的虔敬心;很难做到不偏不倚的布施,因此,应当学习如何从微小的布施做起;很难不偏不倚的净观清净刹土,因此,应当学习建立无有错误的正见;很难不偏不倚的掌握所有名词术语,因此,应当学习一些迫切需要的密续本尊修法即可;阅读繁杂的书本只会耗费时间,因此,应当学习一些实修窍诀法要即可;我们还是芸芸众生,因此,应当学习如何断除微小在内的一切恶业。”
ཡང་རིན་པོ་ཆེའི་ཞལ་ནས།སྤྱོད་ལམ་བག་མ་གསར་པ་ལྟ་བུ་བྱས་ཏེ།གཞན་གྱི་སྐྱོན་ལ་མི་རྟོག་པ།རང་སྐྱོན་ངོས་འཛིན་པ།བག་དང་ལྡན་པར་སྤྱོད་པ།སྟོད་བྱ་ཐི་བ་ཚང་དུ་ཞུགས་པ་བཞིན་དུ་བྱ་བ།གནས་ལ་མི་སྐྱོ་བ།སྡོད་ཚུགས་པ།བྱ་བ་ཐོངས་པ།བློ་བདེ་བ།འགྲོ་ན་བྱ་རོག་རྫིངས་འཕུར་བཞིན་བྱ་བ།མ་ཞེན་པ།མ་ཆགས་པ།ཕྱི་མིག་མི་བལྟ་བ།འཁོར་སྐྱིན་མི་འོངས་པའོ།།མི་དགེ་བ་བཅུ་ལ།བཙན་དུག་ལྟ་བུའི་འདུ་ཤེས་བྱ།ཟོས་པས་འགྱོད་པ་བཞིན་དུ་ཕྱིས་མི་བྱ།སྨན་གཏོང་བ་བཞིན་དུ་བཤགས་པ་བྱ་བ།ཕྱིས་མི་ཟ་བ་བཞིན་དུ་མི་བྱེད་པའི་དམ་བཅའ་བ།གདམས་ངག་ལ་རྟ་རྩྭ་ཟ་བ་བཞིན་དུ་བཅད་ལྡད་དུས་གཅིག་ལ་བྱ་བ་ལ་བསླབ་གསུངས།
仁波切又云:“行者的威仪要做的像新娘一般,不观察他人过失,而是要认得自己的过失,言行亦有分寸;犹如野鸽入巢一般,不厌烦于住处,坐得稳,放得下,心得安;行如大鸦离巢一般,不贪,不著,不回头,不留恋;对十不善业,要看成如烈性的毒物;如已服毒者后悔一般,不敢再造恶业;如吃解毒药一般,对此进行忏悔;如同不再服毒一般,发誓不再造恶业;对于窍诀如同马吃草一般,学习如何同时吃草和反刍。”
ཡང་རིན་པོ་ཆེའི་ཞལ་ནས།མཁས་ཕྱིའི་སྒྲོ་འདོགས་བཅད་པ་གཞོན་ནུ་ནོར་བཟང་ལྟ་བུ་ཤེས་བྱ་མཐའ་དག་ལ་མ་རྨོངས་པས།མདོ་རྒྱུད་འཕགས་པའི་བསྟན་བཅོས་མཐའ་དག་དང་མི་འགལ་བ་པར་བློ་སྦྱངས།བཙུན་རང་བཙུན་དུ་བྱ་བ་བཙུན་ཁྱེར་མཁས་སུ་བྱ་བ་བཙུན་ཡུན་རིང་དུ་བྱ་བ་བཙུན་མི་ལ་མི་གནོད་པར་བྱ་བ་གསུམ།བདག་ཀྱང་ཚུལ་ཁྲིམས་བསྲུང་།གཞན་ཡང་ཚུལ་ཁྲིམས་ལ་འགོད།ཚུལ་ཁྲིམས་ཀྱི་ལེགས་པ་བརྗོད་དོ།།པར་ཁྲིམས་བསྲུང་བའོ་གསུངས།
仁波切又云:“智者应修心,尊者当守戒。”
ཡང་རིན་པོ་ཆེའི་ཞལ་ནས།བླ་མ་གཙུག་གི་ནོར་བུ་འདྲ་བས།མོས་གུས་ཀྱི་གདུང་སེམས་དང་མ་བྲལ་བ་ལ་བསླབ་པ།གདམས་ངག་ཟབ་མོ་ནོར་བུ་རིན་པོ་ཆེ་དང་འདྲ་བས།དགོས་འདོད་བྱ་ཞིང་བྱི་དོར་བྱ་བ་ལ་བསླབ་པ།འཁོར་བའི་རྒྱ་མཚོ་སྲིན་མོའི་གླིང་དང་འདྲ་བས།མ་ཞེན་མ་ཆགས་པ་ལ་བསླབ་པ།དམ་ཚིག་དང་སྡོམ་པ་ཐར་པའི་ཐེམ་སྐས་ཡིན་པས།མཐོན་པོ་ནས་དམའ་སར་མ་ལྷུང་བ་ལ་བསླབ་པ།ཆོས་ཐམས་ཅད་རྩ་བ་གཅིག་པས།གང་ལ་ཡང་ཐེ་ཚོམ་མེད་པར་ཉམས་སུ་བླངས་པ་ལ་བསླབ་པའོ།།གསུངས།
仁波切又云:“上师犹如顶上宝,因此学习如何以虔敬心祈祷;深甚窍诀犹如如意宝,因此学习如何擦拭并祈求心愿;轮回苦海犹如罗刹女洲,因此,应当学习如何不贪不恋;誓言和戒律是解脱的宝梯,因此,应当学习如何防止从高处坠落低处;一切法的根本是一,因此,应当学习对此无疑而修。”
ཡང་རིན་པོ་ཆེའི་ཞལ་ནས།བླ་མ་དཀོན་མཆོག་ལ་བློ་ཁེལ་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན།ཆོས་གཅིག་ཤེས་ཀུན་གྲོལ་དུ་སོང་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན།ལས་འབྲས་ལ་ཡིད་ཆེས་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན།གཞན་ཕན་སྙིང་རྗེ་སྐྱེས་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན།གོང་མའི་ཡོན་ཏན་མཐོང་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན།འཁོར་བ་ལ་བློ་ལོག་ནས་ངན་སྐྱུགས་གསེབ་ཏུ་མི་ལྡོག་ན་ཆོས་ཉམས་སུ་ལོངས་པའི་རྟགས་ཡིན་གསུངས་སོ།།
仁波切又云:“若深信上师三宝,这是修行成熟的标志;若懂得知一法而解一切法,这是修行成熟的标志;若诚信业因果,这是修行成熟的标志;若起众生愿悲,这是修行成熟的标志;若见前辈的功德,这是修行成熟的标志;若厌烦轮回、不贪呕吐物,这是修行成熟的标志。”
ཡང་རིན་པོ་ཆེའི་ཞལ་ནས།སྦྱིན་པའི་ལས་རེམ་དུ་བྱ་བ།ཚུལ་ཁྲིམས་ཀྱིས་རྒྱན་མཛེས་པར་གདགས་པ།བཟོད་པའི་གོས་དྲོ་བར་གྱོན་པ།བརྩོན་འགྲུས་ཀྱི་རྟ་བཟང་དུ་བཅག་པ།བསམ་གཏན་གྱི་མཁར་མཐོ་རུ་བརྩིགས་པ།ཤེས་རབ་ཀྱི་མཚོན་ཆ་རྣོ་བར་བྱས་ལ།ཕྱི་ནང་གི་སྒྲོ་འདོགས་ཆོད་པར་བྱ་གསུངས།
仁波切又云:“依次第布施;庄严戒律饰;穿着安忍衣;乘骑精进马;高建禅定殿;敏锐智慧剑;内外增益解。”
ཡང་རིན་པོ་ཆེའི་ཞལ་ནས།སྡོད་ན་བྱ་བ་ཐོངས་པ།འགྲོ་ན་ཆགས་ཞེན་མེད་པ།སྐྱིད་པ་ཆེད་དུ་མི་བསྒྲུབ་པ།སྡུག་པ་ལ་སྲན་ཚུགས་པ།འཇུག་གར་སོང་སོང་ལ་གཏོང་ན་དགེ་སྦྱོར་གར་ཡང་འཕེལ་ནས་མཆིའོ་གསུངས།
仁波切又云:“住时放下诸琐事,行时无有贪执,特意的不希求安乐,能忍受一切痛苦,一切随缘而不攀缘,则能增长善行而死。”
ཡང་རིན་པོ་ཆེའི་ཞལ་ནས།མ་བཅོས་ལྷུག་པར་བཞག་ན་ཉམས་མྱོང་མཆོག་སྐྱེ་སྟེ།བློ་ཉེས་རིག་པ་ངན་ལང་དུ་སོང་བ་ཚོ་འཆགས་སུ་མི་འདོད།ངར་འཛིན་འགོང་པོ་སོད་ན་གཉེན་པོ་བསྟེན་མི་དགོས་ཏེ།ལོང་བདེན་གྱི་གནད་མ་རྙེད།སྐྱེ་མེད་ཀྱི་དོན་རྟོགས་ན་སྣང་བ་ཆོས་སྐུར་འཆར་ཏེ།གདོད་མ་ནས་ཡོད་ཀྱང་ངོ་མ་ཤེས།སྡེ་སྣོད་གསུམ་སེམས་ཐོག་ནས་བཤད་ཤེས་ཀྱང་།བླ་མའི་བྱིན་རླབས་མ་ཞུགས་ན་ཡིད་བཟོ་རུ་སོང་བས་དོན་མ་རྟོགས།ཞེས་གསུངས།
仁波切又云:“心不改且放松而住,则能生起殊胜的觉受,但内心刚强难化、养成恶劣习气者并非如此;若是断灭了我执邪魔,则无需依止对治法,因为盲目的执着本无依据;若是证悟了无生法义,现象则能显现于法身,这本来圆满具有,本来如此,只是我们尚未明了;即便背熟了三藏十二部经典,但如果没有上师的加持,造作的心是无法了悟真实法义。”
ཡང་རིན་པོ་ཆེའི་ཞལ་ནས།རྒྱུ་ཚོགས་གཉིས་བསགས་པ་དང་།འབྲས་བུ་སྐུ་གསུམ་ཐོབ་པར་བྱས་ཏེ།དེ་ཡང་བསོད་ནམས་ཀྱི་ཚོགས་ཀྱིས་གཟུགས་སྐུ་ཐོབ་ལ།ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་སྐུ་ཐོབ།དེ་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྟེན་དགོས།སྦྱིན་པ་དག་པ་གསུམ་ལྡན་བྱས་ན་བསོད་ནམས་ཆེ།ཚུལ་ཁྲིམས་ངང་གིས་ངོས་ལྐོག་མེད་པར་བསྲུང་།བཟོད་པས་སྡུག་བསྔལ་ཐམས་ཅད་བཟོད་པར་བྱ།བརྩོན་འགྲུས་སྐྱོ་དུབ་མེད་པར་སྤྱད།བསམ་གཏན་རི་བོ་བཞིན་དུ་བརྟན་པར་བྱ།ཤེས་རབ་ཉི་ཟླ་བཞིན་དུ་གསལ་བར་བྱ།སེམས་ཅན་གྱི་དོན་བྱ་གསུངས།
仁波切又云:“积累二资粮之“因”,将获得三身之“果”,即积累福德资粮能获得色身,而积累智慧资粮则能获得法身,故而应当行持六波罗蜜多。若能布施三轮清净,则福德更大;戒律要守的表里如一;安忍是忍受一切痛苦;精进是毫无厌倦的行持;静虑应如同大山一般安定;智慧应如同太阳一般明亮。”
ཡང་རིན་པོ་ཆེའི་ཞལ་ནས།འཆི་བ་རྗེས་སུ་དྲན་པ་སྐྱེས་བུའི་གནད་དུ་མདའ་ཕོག་པ་འདྲ་ན་ཆོས་མི་ཡོང་ཁ་མེད་ཡིན།འཁོར་བ་ལ་སྐྱུགས་ལོག་པ་མཛེ་ཕོའི་སློག་ཧྲུལ་འདྲ་ན་ཆོས་མི་ཡོང་ཁ་མེད་ཡིན།བླ་མ་དང་གདམས་ངག་གིས་གདུངས་པ་རྐུན་མོ་ལ་ཁ་ནས་ཆུ་ཐོངས་པ་འདྲ་ན་ཆོས་མི་ཡོང་ཁ་མེད་ཡིན།འཁོར་བའི་སྡུག་ལ་རྩིས་གདབ་མེད་པ་སྨྱོན་པ་གཡང་ལ་འཆོངས་པ་འདྲ་ན་ཆོས་མི་ཡོང་ཁ་མེད་ཡིན།འཁོར་བ་ལ་སྐྱོ་བ་བཙོན་བུ་དོང་ནང་དུ་བཅུག་པ་འདྲ་ན་ཆོས་མིི་ཡོང་ཁ་མེད་ཡིན།བློ་སྣ་བུད་མེད་ཁྱིམ་བདག་ལ་མ་མགུ་བ་འདྲ་ན་ཆོས་མི་འོང་ཁ་མེད་ཡིན་གསུངས།
仁波切又云:“若思维死亡无常如同被箭射中的人一样,则修行不得不成就;若厌恶轮回如同麻疯病患者的破衣一样,则修行不得不成就;若对上师和窍诀的渴望,如同盗贼在山上遇到了水一样,则修行不得不成就;若对轮回之苦无所取舍,如同疯子跳崖一样,则修行不得不成就;若厌烦轮回如同被判入狱的人一样,则修行不得不成就;若心的所向如同妻子厌倦丈夫一样,则修行不得不成就。”
ཡང་རིན་པོ་ཆེའི་ཞལ་ནས།བྱང་ཆུབ་སེམས་དཔའ་ལ་སེམས་བསྐྱེད་འཆོར་བའི་རྒྱུ་བཞི་ལས།སེམས་ཅན་བྱས་པ་དྲིན་དུ་མི་བཟོ་ཞིང་འདུལ་དཀའ་བ་དང་།སེམས་ཅན་གྲངས་མང་བ་དང་།དུས་ཡུན་རིང་བ་དང་།བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དཀའ་བ་དང་བཞི་སེམས་བསྐྱེད་འཆོར་བའི་རྒྱུ་ཡིན་པས།ཉེས་པ་མ་ཕོག་པར་བྱ་གསུངས།
仁波切又云:“菩提萨垛发心失败的原因有四种:对众生缺乏知恩报恩的心,并认为众生难度、众生数量多、度众时间长、故难行菩萨道。此等为发心失败的四种因,应当远离此过失。”
ཡང་རིན་པོ་ཆེའི་ཞལ་ནས།ཆོས་དང་ཟང་ཟིང་མི་འཇིགས་བྱམས་པ་ཞེས།ཆོས་དང་སེངྒེ་སྒྲ་དང་དཔལ་སྐྱེས་དང་ཟང་ཟིང་ལ་གཏོང་པ།སྦྱིན་པ་ཆེན་པོ་བསོད་ནམས་སྟོབས།གཏོང་བ་ཆེན་པོའོ།།ཉི་ཟླ་གྲགས་པ་ཟླ་འོད་དང་ན་ག་བྱི་ལི་ཀ་ཤི་ཀ།ཤིན་ཏུ་གཏོང་པ་སེམས་ཅན་ཆེ་དང་བྱམས་པའི་སྟོབས་མི་དེ་ལས་སོགས་ཏེ་མཐའ་ཡས་མཆོག།ཅེས་པའོ།།འཇིགས་པ་ནི་འཁོར་བ་ལས་སྒྲོལ་བའོ།།
仁波切又云:“应当行持财布施、法布施及无畏布施。财布施乃施舍财富也;法布施乃最胜之布施也;无畏布施乃度脱轮回也。”
ཡང་རིན་པོ་ཆེའི་ཞལ་ནས།ཐ་སྙད་ཚིག་ལ་བསམ་པས་དོན་མི་རྟོགས།།ལྟ་རྟོག་དཔེ་ལ་བྱས་པས་རྒྱུད་མི་གྲོལ།།དུག་ལྔའི་ལོ་ཐོག་རྒྱས་ན།སྐུ་གསུམ་གྱི་འབྲས་བུ་མི་འབྱུང་།སྣང་བ་འཁྲུལ་པར་ཤེས་ཀྱང་།བློ་མ་ལོག་ན་འཁོར་བ་ནས་མི་ཐར།ཆོས་མཐའ་དག་གི་དོན་གོ་ཡང་།ཉམས་སུ་མ་ལོངས་ན་གོ་ཡུལ་ཡིན།རྒྱུད་ལ་དད་པ་ཡོད་ཀྱང་རྣམ་སྨིན་ལ་མི་འཛེམ་ན་ངན་སོང་དུ་ལྷུང་།སྣང་བ་ཆོས་སྐུར་རྟོགས་ཀྱང་།སྙིང་རྗེ་མེད་ན།ཞི་བ་ཕྱོགས་གཅིག་པ་བྱ་བ་ཡིན་པས།སེམས་ཅན་ལ་ཕན་པ་ཆུང་།སྙིང་རྗེ་ཕན་སེམས་དང་ལྡན་ཡང་།སྟོང་ཉིད་མ་རྟོགས་ན་སངས་རྒྱས་མི་ཐོབ།སྟོང་ཉིད་སྙིང་རྗེ་ཟུང་འཇུག་ཏུ་བསྒོམ་པ་གལ་ཆེ་གསུངས།
仁波切又云:“因过度思维名词,故而难以了悟法义;因过度思察比喻,故而难以解脱自相续;若五毒庄稼丰盛,则难以生出三身之果;虽然了知现象皆是迷乱,若不转心,则不能解脱轮回;虽然了知了一切法义,若不实修,这只是听闻过而已;虽然相续中具有信心,若不断恶行善,则会堕入恶趣;虽然了悟现象即是法身,若无悲心,这只能得到寂灭的果位,对众生也没有太大的利益;虽然具备利益众生的悲心,若不证悟空性,也不能成佛;因此智悲双修极为重要。”
ཡང་རིན་པོ་ཆེའི་ཞལ་ནས།མཐུན་རྐྱེན་འགལ་རྐྱེན་དུ་མ་སོང་བ་གཅིག་དགོས།བདེ་བ་སྡུག་བསྔལ་དུ་མ་སོང་བ་གཅིག་དགོས།ཆོས་སྤྱོད་སྡིག་སྤྱོད་དུ་མ་སོང་བ་གཅིག་དགོས།ཡོན་ཏན་རློམ་སེམས་སུ་མ་སོང་བ་གཅིག་དགོས།དགེ་རྩ་སྡིག་རྩར་མ་སོང་བ་གཅིག་དགོས།བཙུན་པོ་འཆལ་བར་མ་སོང་བ་གཅིག་དགོས།དངོས་གྲུབ་བར་ཆད་དུ་མ་སོང་བ་གཅིག་དགོས།སྣང་བ་དགྲར་ལངས་སུ་མ་སོང་བ་གཅིག་དགོས་གསུངས།
仁波切又云:“莫将顺缘变成逆缘;莫将快乐变成痛苦;莫将善行变成恶行;莫将功德变成骄傲;莫将善根变成恶根;莫将君主变成奸夫;莫将悉地变成违缘;莫将现象变成怨恨。”
ཡང་རིན་པོ་ཆེའི་ཞལ་ནས།བག་ཆགས་ངན་པ་འདྲིས་ཆེ་བས།ཆགས་ཞེན་གྱི་རྩ་བར་འགྲོ་བས།གནས་ལ་ངེས་མེད་དུ་སྡོད་པ་ལ་བསླབ་པ།གསོག་འཇོག་ཆེ་ན་འདོད་པའི་རྩ་བར་འགྲོ་བས།འཕྲལ་ཕྱིད་དབྱར་རེ་དགུན་རེའི་སོ་ཚིས་ལ་བསླབ་པ།གཉེན་དང་འབྲེལ་བས་ཕྱོགས་རིས་དང་ཆགས་སྡང་སྐྱེ་བས།འདྲིས་བཤེས་མེད་པའི་ཡུལ་དུ་སྡོད་པ་ལ་བསླབ་པ།རྙེད་པ་དང་བཀུར་སྟིས་གཡེང་བའི་རླུང་འཚུབ་ལངས་པས།ལྟོ་གོས་ལ་གྱོང་བསྐུར་ལ་དགེ་སྦྱོར་ལྐོག་མུག་ཏུ་བྱ་བ་ལ་བསླབ་པ།འཁོར་དང་སློབ་རིགས་ཀྱི་ཟུག་རྔུས་དང་སེམས་ཁྲལ་སྐྱེ་བས།མི་མེད་པའི་སར་བྷུ་སུ་ཀུ་རུ་སྡོད་པ་ལ་བསླབ་པ།ཟང་ཟིང་དགྲའི་གཡབ་མོ་ཡིན་པས།དམན་ས་བཟུང་ལ་སྙིང་རྗེའི་གནས་བྱ་བ་ལ་བསླབ་པ།སེམས་ཀྱི་དཔའ་གདེང་སེང་གེ་གངས་ལ་འགྱིངས་པ་བཞིན་དུ་གསལ་ཡང་ཉམ་ང་མེད་པར་བྱ་གསུངས་སོ།།
仁波切又云:“惯养的恶习是贪执的根本来源,因此,应当学会住在不定之处;过多的储蓄是贪欲的根本来源,因此,应当学会过一冬算一冬、过一夏算一夏,活在当下的生活;对亲友的爱恋是偏私及贪嗔的来源,因此,应当学会居住在无亲友之处;受人利养和恭敬是引发散乱的暴风,因此,应当学会适应衣食艰难而刻苦修行;眷属和弟子会带来伤痛和牵挂,因此,应当学会于无人处独修佛法;财富会招来仇敌,因此,应当学会身居低位,做一个让人可悲悯的对象;要有坚定和勇敢的内心,犹如狮子站在雪山上,无有任何的畏惧和衰弱感。”
ཡང་རིན་པོ་ཆེའི་ཞལ་ནས།ད་ལོའི་མི་ཚེ་གར་ཕྱིད་ཕྱིད།།སང་ཕོད་གང་ལྟར་འགྲོ་བར་སོང་།།བྱས་ལ་བློ་བདེར་ཉལ་ལ་སྡོད།།དེ་བཞིན་བྱས་ན་ཆོས་པ་ཡིན།།ནམ་འཆི་ངེས་པ་མེད་པ་ལ།།ཚེ་འདིའི་འདུན་པ་རྒྱབ་ཏུ་སྐྱུར།།སྐྱིད་འདོད་ཁོ་ཐག་པད་ཚེར་གཅོད།།གང་བྱུང་ཞིག་ལ་བློ་རྩེ་གཏོད།།མི་རྟག་ཚེ་ལ་ཡིད་བརྟན་མེད།།སྔ་ས་ཤི་བ་རྣ་ཚོར་རམ།།རང་ལ་འཆི་བ་མི་ཡོང་ངམ།།ཞེས་པ་ཡང་ནི་བསམ་བྱ་ཞིང་།།སང་ཙམ་ཤིའམ་སུས་ཤེས་པ།།དེ་རིང་ཉིད་དུ་བརྟུན་ཏེ་བྱ།།འཆི་བདག་བདུད་ཆེན་དེ་དང་ནི།།བདག་ཉིད་བཤེས་པ་མ་ཡིན་ནོ།།ཞེས་པ་སེམས་ལ་བཅང་བར་བྱ།།རང་འདུན་རང་གིས་བྱ་ཡང་འཚལ།།རང་འདུན་རང་གིས་མ་བྱས་ན།།མང་པོའི་གྲོས་ལ་འཆམས་པ་མེད།།གཅིག་པུའི་བལྟ་ས་དཔྱད་ཀྱང་འཚལ།།རང་རེས་རང་རེ་མ་བསླུས་ན།།གཞན་གྱིས་བསླུ་ས་མི་རྙེད་ཀྱིས།།རང་མགོ་རང་གིས་མ་སྨད་ན།།གཞན་གྱིས་སྨད་པས་མི་སྨོད་ཀྱིས།།མི་ལུས་ཐོབ་པ་བརྒྱ་ལ་ཡང་།།རབ་ཏུ་བྱུང་བ་ཤིན་ཏུ་དཀའ།།ཆོས་དང་འཕྲད་པ་ད་རེས་ཙམ།།ད་རེས་ཐར་པ་བསྒྲུབ་པ་གཅེས།།ཞེས་གསུངས་སོ།།
仁波切又云:“今年已耗尽,明年随它去,以此心安眠,此乃行者也。无法测死期,应舍今世利,彻断求乐心,心向所现境。人生死无常,汝闻人死否?自己怎不死?应当思此理。不知明生死,今日当修行,死主阎罗队,与你不认亲,此理记于心。己事应自为,若事己不为,众人难一致,故应自观察。自我若不欺,无人能欺你,自我若不毁,无人能毁你。人身宝难得,出家更难得,遇法唯此时,故当修解脱。”
ཡང་རིན་པོ་ཆེའི་ཞལ་ནས།ཆོས་དང་གང་ཟག་ཞུ་ཐིག་མ་བྱས་ན་རང་རེས་རང་རེ་བསླུས་ཉེན་ཡོད་པས།ནང་དུ་གཉེན་པོའི་བྱ་ར་བ་བཞག་ལ།ཆགས་སྡང་ལ་འབུར་འཇོམས་བྱས་ན།ཆོས་དང་གང་ཟག་ཞུ་ཐིག་བྱས་པ་ཡིན།རང་འདོད་འགོང་པོ་ལ་ཛ་རྡུང་བྱས་ན།ཆོས་དང་གང་ཟག་ཞུ་ཐིག་བྱས་པ་ཡིན།རང་ཉིད་དམན་ས་བཟུང་ནས་གཞན་ལ་ཕྲག་དོག་མེད་ན།ཆོས་དང་གང་ཟག་ཞུ་ཐིག་བྱས་པ་ཡིན།དུས་རྒྱུན་དུ་བླ་མ་དཀོན་མཆོག་དྲན་ཞིང་བཀའ་དང་མི་འགལ་ན།ཆོས་དང་གང་ཟག་ཞུ་ཐིག་བྱས་པ་ཡིན།ཅིར་སྣང་འཁྲུལ་པར་ཤེས་ནས་ཆོས་ལ་བློ་ཁེལ་ན།ཆོས་དང་གང་ཟག་ཞུ་ཐིག་བྱས་པ་ཡིན་ནོ་གསུངས།
仁波切又云:“若不审察法与补特伽罗,就容易自我欺骗,因此,于内应当要有一个对治法的“观察者”,能立刻断除贪嗔痴的苗头,则审察了法与补特伽罗;若不降伏自私的邪魔,则是尚未审察法与补特伽罗;若能身居底位,对人也无有嫉妒心,则审察了法与补特伽罗;常念上师三宝的恩德,亦无违背上师的教诲,则是审察了法与补特伽罗;了知现象皆是迷乱,并深信佛法,则审察了法与补特伽罗。”
ཡང་རིན་པོ་ཆེའི་ཞལ་ནས།ཆོས་འདི་བྱས་ན་ཡོང་ལ་མ་བྱས་ན་མི་ཡོང་བས།ཆོས་འདི་ལྟར་དུ་བྱ་འཚལ་བས།ཐུགས་ལ་འདི་བཞིན་བཞག་པར་ཞུ་འཚལ།སྡོམ་པ་གསུམ་ལྡན་བསྲུངས་ན་ཆོས་ཀྱི་སྲོག་ཤིང་ཡིན།དགེ་སྡིག་འདོར་ལེན་བྱེད་ན་ཆོས་ལ་གནས་པ་ཡིན།སྤྱོད་ལམ་ཆོས་དང་མཐུན་ན་ཇོ་བོ་བཙུན་པོ་ཡིན།ཆགས་མེད་ཞེན་མེད་བྱེད་ན་ཇོ་བོ་བཟང་པོ་ཡིན།དད་པ་ལྟེམ་རྐྱང་མེད་ན་ཆོས་པ་བརྟན་པོ་ཡིན།ཚིག་དང་དོན་དུ་མཐུན་ན་ཆོས་པ་མཁས་པ་ཡིན།སྣང་བ་བདེན་འཛིན་ལྡོག་ན་ཇོ་བོ་ཞིག་པོ་ཡིན།འཁོར་འདས་གཅིག་ཏུ་རྟོགས་ན་ཇོ་བོ་རྟོགས་ལྡན་ཡིན།འགྲོ་དྲུག་ཕ་མར་ཤེས་ན་བྱང་སེམས་འབྱོངས་པ་ཡིན་གསུངས།
仁波切又云:“此法不可不修持,修持方法请铭记于心。守三律仪者,则是佛法的砥柱;取舍善恶,则是修持佛法的行者;威仪如法,则是守戒的行者;无有贪欲的人,则是最好的行者;信心无有退缩,则是坚定的行者;言行一致,则是有智慧的行者;回遮现象的实执,则是有成就的行者;证悟轮涅是一,则是觉悟的行者;认可六道有情为父母,则娴熟了菩提心。”
ཡང་རིན་པོ་ཆེའི་ཞལ་ནས།ཅི་བསམ་འབད་མེད་དུ་འགྲུབ་པ་འདི་དཀའ་བས།རང་རེ་ཇོ་བོ་བཟང་དུ་བྱ་བ་འདི་གལ་ཆེ།ཇོ་བཟང་བྱེད་ན་འདི་ལྟར་བྱས་ན་ཡོང་བས།དགོས་མེད་ཞེན་པ་ལོག་ན་ཇོ་བཟང་ཡིན།།རྟོགས་པ་མཉམ་རྗེས་མེད་ན་ཇོ་བཟང་ཡིན།།ཞེན་མེད་ལྡོམ་བུས་འཚོ་ན་ཇོ་བཟང་ཡིན།།གཅིག་པུར་རི་ཁྲོད་འགྲིམ་ན་ཇོ་བཟང་ཡིན།།ཟས་ལ་རོ་སྙོམས་བྱེད་ན་ཇོ་བཟང་ཡིན།།སྒྲུབ་པ་མཐའ་རུ་སྐྱོལ་ན་ཇོ་བཟང་ཡིན།།ནོར་ལ་འཛིན་ཆགས་མེད་ན་ཇོ་བཟང་ཡིན།།སེམས་ལ་སྡུག་བསྔལ་མེད་ན་ཇོ་བཟང་ཡིན།།གང་བྱུང་ཐད་ཀར་སྤྱོད་ན་ཇོ་བཟང་ཡིན།།ཅིར་སྣང་གྲོགས་སུ་ཤར་ན་ཇོ་བཟང་ཡིན།།སྟོང་ཉིད་སྙིང་རྗེར་ལྡན་ན་ཇོ་བཟང་ཡིན།།ལར་ཅི་དགུ་ཚེ་འདི་དང་མ་འབྲེལ་བ་ཞིག་བྱུང་ན་དེ་ལ་ཇོ་བཟང་ཟེར་བ་ཡིན་གསུངས།
仁波切又云:“我等所愿很难任运成就,因此,做好一名好行者非常重要。那怎样的人才能被称为好行者?具有无所求和厌烦心的人则是好行者;证悟空性不分定中和定后则是好行者;无有贪著并乞讨为生则是好行者;独自前往山间修行则是好行者;对饮食能一味则是好行者;修行终身圆满成就则是好行者;对财富没有贪执则是好行者;心无痛苦则是好行者;能一切随缘则是好行者;一切现象皆能显现为顺缘则是好行者;具有空性见和慈悲心的人则是好行者;总之,一切不为今世的人则可称之为好行者。”
ཡང་རིན་པོ་ཆེའི་ཞལ་ནས།གྲོས་ཕུགས་རྗེ་ལ་གཏད་ན་ལོག་པའི་ལམ་དུ་མི་འཆོར།ཆོས་སྤྱོད་དགེ་བ་ལ་འབད་ན་ཤེས་རབ་རྐྱང་པར་མི་འཆོར།ཅི་བྱེད་སྟོང་ཉིད་ངང་ནས་བྱས་ན་ཐབས་རྐྱང་པར་མི་འཆོར།རྟེན་འབྲེལ་མི་བདེན་བཞིན་དུ་བསྒྲིགས་ན།དངོས་པོ་ཐམས་ཅད་བདེན་མེད་དུ་ཤེས་ནས་འོང་།འཁོར་བའི་ཆོས་ཐམས་ཅད་བསླུ་བའི་ཆོས་ཅན་ཡིན་པས།གང་ལ་ཡང་ཞེན་ཆགས་མེད་པར་བྱ།དོན་དམ་གྱི་ཆོས་ཐམས་ཅད་བདེན་པ་ཡིན་པས།ཐེ་ཚོམ་མེད་པར་ཉམས་སུ་བླང་པར་བྱ།རྟོགས་པ་བདེན་མེད་དུ་བསྐྱངས་པས།མཁན་པོ་དང་བྲལ།སྙིང་རྗེ་སྒོམ་མཁན་མེད་པར་བསྒོམས་པས།ཀུན་ལ་ཕན་ཐོགས།ཅིར་སྣང་བདེན་མེད་དུ་ཤེས་ན།ཅི་བྱས་ཆོས་སུ་འགྲོ་གསུངས།
仁波切又云:“若与大德共谋,则不会误入歧途;若精进修善,则不会偏于智慧;若所作皆于空性境界中行持,则不会偏于方便;若非真实而建立缘起,则能了知万物皆非真实;轮回的一切法皆是虚幻不实,故而对任何事物都不贪执;胜义谛的一切法皆是真实不虚,故而应当毫无疑虑地修持;觉性非真实而持,故而远离了能觉所觉;悲心无能修而修,故而利益诸众生;若知所现非真实,所作所为皆修法。”
ཡང་རིན་པོ་ཆེའི་ཞལ་ནས།རྟོགས་པ་ལ་ཞེན་ལོག་གི་རྒྱན་ཡོད་ན།ཇོ་བཟང་གི་གཞི་འཐིངས་པ་ཡིན།སྙིང་རུས་ལ་བརྩོན་འགྲུས་ཀྱི་རྒྱན་ཐོགས་ཡོད་ན།མགོ་ཐོན་གྱི་གཞི་འཐིངས་པ་ཡིན།ཤེས་རབ་ལ་ནན་ཆགས་ཀྱི་རྒྱན་ཐོགས་ན།ཆོས་མཁན་གྱི་གཞི་འཐིངས་པ་ཡིན།སྙིང་རྗེ་ལ་ཕན་སེམས་ཀྱི་རྒྱན་ཐོགས་ན།འགྲོ་དོན་གྱི་གཞི་འཐིངས་པ་ཡིན།ཉམས་མྱོང་ལ་དངོས་གྲུབ་ཀྱི་རྒྱན་ཐོགས་ན།གྲུབ་ཐོབ་ཀྱི་གཞི་འཐིངས་པ་ཡིན།གཏོང་ཕོད་ལ་ལྟོས་མེད་ཀྱི་རྒྱན་ཐོགས་ན།ལོངས་སྤྱོད་ཀྱི་གཞི་འཐིངས་པ་ཡིན།དད་པ་ལ་ལོང་མེད་ཀྱི་རྒྱན་ཐོགས་ན།ལྷ་ཆོས་ཀྱི་གཞི་འཐིངས་པ་ཡིན་གསུངས།
仁波切又云:“若觉心具备厌恶的装饰,则奠定了好行者的基础;若坚强的心具备精进的装饰,则是奠定了修行善终的基础;若智慧具有持之以恒的装饰,则是奠定了行者的基础;若悲心具有利众的装饰,则是奠定了利益众生的基础;若觉受具有悉地的装饰,则是奠定了成就者的基础;若慷慨具有无穷的装饰,则是奠定了财富的基础;若信心具有无闲念的装饰,则是奠定了妙法的基础。”
ཡང་རིན་པོ་ཆེའི་ཞལ་ནས།ཚེ་ལ་ལོངས་མེད་ནམ་འཆི་ཆ་ཡང་མེད།།སང་བྱ་གནངས་བྱ་དུས་ལ་འཛད་པ་མེད།།འཆི་བདག་བདུད་ནི་སོ་བྱ་ཉ་སྒུག་འདྲ།།ལེ་ལོ་མ་བྱེད་ད་ལྟ་ཉམས་སུ་ལོངས།།གདམས་ངག་ཟབ་མོ་སྨན་གྱི་བཅུད་དང་འདྲ།།ཉམས་སུ་མ་ལོན་སྨན་གྱི་བཅུད་མ་འཐོན།།ཉམས་སུ་ལོངས་ན་མི་དགེའི་ནད་རྣམས་འཇོམས།།ཐེ་ཚོམ་སོམ་ཉི་མེད་པར་ཉམས་སུ་ལོངས།།བླ་མའི་བྱིན་རླབས་གཡོས་ལེགས་ཟས་དང་འདྲ།།ཆེར་ཟོས་ཆུང་ཟོས་ཐམས་ཅད་ཞིམ་པ་བཞིན།།གསོལ་བ་གང་བཏབ་དེ་ལ་བྱིན་རླབས་འབྱུང་།།མོས་གུས་གཤའ་མར་གྱིས་དང་སྐལ་ལྡན་ཀུན།།ཆོས་ཀྱི་སྤྱན་ལྡན་ངང་པའི་རྒྱལ་པོ་འདྲ།།འོ་མ་ཆུ་དང་འབྱེད་པ་ཇི་བཞིན་དུ།།དྲང་དོན་ངེས་དོན་གཉིས་སུ་ཤེས་བྱས་ལ།།ལྟ་སྤྱོད་ཟུང་དུ་སྒྲོལ་ཅིག་རྣལ་འབྱོར་ཀུན།།ཞེས་གསུངས།
仁波切又云:“人生短暂死不定,明事后事做不尽,死主犹如食鱼鸟,莫要懒惰勤修行。深甚窍诀如妙药,若不实修药无效,修行能除众恶病,应无疑虑而修持。上师加持如佳肴,大吃小用皆美味,祈祷上师得加持,有缘弟子恭敬师。具备法眼如鹅王,犹如能分水与奶,当知了义不了义,见行双修瑜伽众。”
ཡང་རིན་པོ་ཆེའི་ཞལ་ནས།མདོ་རྒྱུད་འཕགས་པའི་བསྟན་བཅོས་ཐམས་ཅད་ལ་ངེས་ཤེས་ཐོབ་ན།དད་པ་ཕུལ་དུ་ཕྱིན་པ་ཞིག་ཡིན།ངོ་ཚ་ཁྲེལ་འཛེམ་ལྡན་ཞིང་ལུས་དང་ལོངས་སྤྱོད་ལ་བདག་ཏུ་མི་འཛིན་ན།ཚུལ་ཁྲིམས་ཕུལ་དུ་ཕྱིན་པ་ཞིག་ཡིན།ཆོག་ཤེས་ནང་དུ་རྙེད་ཅིང་གཞན་གྱི་རྙེད་པ་ལ་རྗེས་སུ་ཡི་རངས་ན།བསོད་ནམས་བསགས་པའི་ཕུལ་དུ་ཕྱིན་པ་ཞིག་ཡིན།གང་ཟག་གཞན་གྱི་ཡོན་ཏན་མཐོང་ཞིང་།ཐམས་ཅད་ཀྱི་སྐྱོན་ལ་མི་རྟོག་ན།སྐྱེས་བུ་དེ་བསོད་ནམས་བསགས་པའི་ཕུལ་དུ་ཕྱིན་པ་ཞིག་ཡིན།ཉམས་དང་རྟོགས་པ་སྐྱོང་ཞིང་།རྒྱུ་འབྲས་ལ་ཡིད་ཆེས་ན།གང་ཟག་དེ་ཆོས་མཁས་ཕུལ་དུ་ཕྱིན་པ་ཞིག་ཡིན།སྟོང་ཉིད་སྙིང་རྗེ་དང་ལྡན་ནས།སྨོན་ལམ་རྒྱ་ཆེན་འདེབས་ན།བྱང་ཆུབ་སེམས་དཔའ་ཕུལ་དུ་ཕྱིན་པ་ཞིག་ཡིན་གསུངས།
仁波切又云:“胜解一切经典、密续、论著,则是最好的信心;知惭有愧,并自身与财富均无我执,则是最好的持戒;于内得到知足之心,并能随喜他人富有,则是最好的积累福德资粮;见到补特伽罗(他人)的功德,而不见一切人的过失,则是贤人最好的积累福德资粮;守持觉受和证悟,并深信因果,则是最善巧于佛法的人;空性见具备了慈悲心,并发广大的誓愿,则是最好的菩提萨垛。”
ཡང་རིན་པོ་ཆེའི་ཞལ་ནས།བསོད་ནམས་བསགས་པའི་རྗེས་ལ།བསྔོ་བའམ་སྨོན་ལམ་རིན་པོ་ཆེའི་རྩིས་ཟིན་པ་གལ་ཆེ།ཡང་།རྒྱལ་བ་སྲས་བཅས་བདག་སོགས་འགྲོ་ཀུན་གྱིས།།སྦྱིན་དང་ཚུལ་ཁྲིམས་སྒོམ་དང་བཟླས་པ་ཡི།།བསོད་ནམས་ཡེ་ཤེས་ཚོགས་ཀྱི་དགེ་བ་དེས།།འཁོར་བ་དོང་སྤྲུགས་སངས་རྒྱས་མྱུར་ཐོབ་ཤོག།ཅེས་པ་དང་།རྒྱལ་དང་རྒྱལ་སྲས་སེམས་ཅན་མ་ལུས་པས།།དུས་གསུམ་རྣམས་ཀྱི་དགེ་བ་ཅི་མཆིས་པ།།སེམས་ཅན་ཐམས་ཅད་ད་ལྟ་ཉིད་དུ་ནི།།སྟོང་ཉིད་སྙིང་རྗེས་དོན་གཉིས་འགྲུབ་པར་ཤོག།ཅེས་པའི་བསྔོ་བ་བྱ་གསུངས།
仁波切又云:“每当积累福德资粮后,随即发愿和回向极为重要。”又云:“佛与佛子我等一切众,布施持戒观修诵经等,一切福慧资粮善业力,祈愿永断轮回速成佛。”又云:“佛与佛子有情众,三时所积一切善,祈愿有情皆当下,空性慈悲圆成就。”
རིན་པོ་ཆེ་འགྲོ་བའི་མགོན་པོའི་གསུང་སྒྲོས། རིན་པོ་ཆེའི་ཕྲེང་བ་ཞེས་བྱ་བ།
ཇོ་བཙུན་བཀྲ་ཤིས་རིན་ཆེན་གྱིས་ཡང་ནས་ཡང་དུ་ཞུས་ཤིང་ཡི་གེར་བཀོད་པ་རྫོགས་སོ། །མངྒ་ལཾ། །བྷཝནྟུ།
།ཤུ་བྷ།། །།
此众生怙主仁波切教言《宝鬘论》,由觉尊扎西仁钦反复请法后笔录而成。愿一切吉祥!
2021年10月24日(农历九月十九)观世音菩萨涅槃纪念日,古普·钦哲翻译,陈润泽居士汉文校对。